26585

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔལ་ཤྲཱི་གནམ་སྡིངས་དགོན་ (1)
Part of speech མིང་ཚིག
Definition དཔལ་ཤྲཱི་གནམ་སྡིངས་དགོན་པ་འདི་ནི། དེང་གི་གནས་ཡུལ་བོད་དིང་རི་ཡུལ། གངས་དཀར་གྲོང་པའི་ཁོངས་སུ་ཆགས་ཡོད། འདི་ཉིད་ཐོག་མར་རྒྱལ་བ་རྒོད་ཚང་པའི་དངོས་སློབ་ཆོས་རྗེ་ཡང་མགོན་པ་ཆེན་པོས་ཕྱག་བཏབ་པ་ནས་ད་བར་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ལྡན། (ཡང་དགོན་པ་རབ་བྱུང་བཞི་པའི་ཆུ་བྱ་ ༡༢༡༣ ལོར་འཁྲུངས། ས་རྟ་ ༡༢༥༨ ལོར་མྱ་ངན་ལས་འདས། ) རྗེ་འདི་ཉིད་དགུང་ལོ་དགུ་ནས་དགེ་བཤེས་མཛད་དེ་ལོ་བཞི་བཅུ་ཞེ་དྲུག་གི་བར་ལོ་སུམ་ཅུ་རྩ་བདུན་གཞན་དོན་མཛད་པས་བཀའ་བརྒྱུད་པའི་ནང་ནས་གཞན་དོན་མཛད་ཡུན་རིང་ཤོས་ཡིན་གསུངས། རྗེ་དེ་ཉིད་ཀྱི་སྐབས་གནས་འདིར་སློབ་ཚོགས་སྟོང་ཕྲག་མང་པོ་འདུས་པར་གྲགས། རྗེས་སུ་གདན་ས་འདི་ཉིད་སྤྱན་མངའ་རིན་པོ་ཆེ་མཆོག་ནས་སྐྱོང་གནང་མཛད། དེང་སྐབས་ཤྲཱི་གནམ་སྡིངས་ཀྱི་གནས་འདིར་སྔར་ཆོས་རྗེ་ཡང་དགོན་པ་ཆེན་པོའི་སྒྲུབ་ཕུག་གཙོ་བོ་དེ་མ་ཉམས་པར་བཞུགས་ཡོད་ཅིང་དད་ལྡན་གནས་སྐོར་བ་ཚོས་མར་མེ་འབུལ་བ་སོགས་ལས་དགོན་པ་འཐོར་ཞིག་ཏུ་སོང་བ་ལ་སླར་གསོ་ཐུབ་མེད།