26624

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔལ་སྤུངས་གྲྭ་ཚང་ཤོག་བཞི་ (1)
Part of speech མིང་ཚིག
Definition དཔལ་སྤུངས་དགོན་པ་ལ་སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་ནས་ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་མཆོག་ལ་གྲྭ་རྩའི་ཆོས་སྡེ་ཕུལ་བ་གྲྭ་ཚང་ཤོག་བཞི་སྟེ་སེ་ཚ་དང་ཨ་ལོ་གཉིས་ཀྱི་གྲྭ་པ་ལ་སེ་ལོ་ཤོག་དང་། ཕྱི་འབྲོག་པདྨ་རུ་བ་དང་འཛིན་གཤེན་གཉིས་ཀྱི་གྲྭ་པ་ལ་ཕྱི་འབྲོག་ཤོག དཔེ་ཝར་ཆུ་ཉིན་སྲིབ་དང་དཔེ་ཁ་དང་། ཀཿཐོག་བཅས་ཀྱི་གྲྭ་པ་ལ་དཔེ་ཝར་ཤོག དཔལ་འོག་དང་སྨན་ཤོད་དང་འཛིང་གཏེར་ལྷུང་དང་ཙམ་མདོ་དང་ཧོར་པོ་སོགས་ཀྱི་གྲྭ་པ་ལ་ལྷ་རུ་ཤོག་བཅས་སོ། །