26627

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔལ་སྤུངས་དགོན་པ་ (1)
Part of speech མིང་ཚིག
Definition སྡེ་དགེ་རྒྱལ་པོས་སྦྱིན་བདག་མཛད་ནས་བཞེངས་པའི་དགོན་པ། རབ་བྱུང་བཅུ་གཉིས་པའི་མེ་ལུག་ཕྱི་ལོ་ ༡༧༢༧ ལོར་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་མཛད་ཅིང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བཏབ། གནས་འདིར་ཐོག་མ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་སློབ་མ་དཔལ་བྱང་ཆུབ་གླིང་པས་རབ་བྱུང་གསུམ་པའི་མཇུག་ཕྱི་ལོ་ ༡༡༩༠ ལོ་ཡས་མས་ཙམ་ན་དགོན་པ་བཏབ་པ་ལ་དཔལ་བྱང་གླིང་དགོན་པར་གྲགས། གྲྭ་པ་སྟོང་ཚོ་མང་པོ་ཡོད་པའི་མདོ་ཁམས་ཕྱོགས་འདིར་དགོན་སྡེ་ཆེ་ཤོས་སུ་ཆགས། ལོ་ངོ་བརྒྱ་ཕྲག་ཁ་ཤས་དར་རྒྱས་བྱུང་། དེ་ནས་དགོན་པ་མེར་ཤོར་ནས་རྩ་བརླགས་སོང་། དེའི་དགོན་ཤུལ་དུ་ས་སྐྱའི་དགོན་ཆུང་ཞིག་ཆགས་ཀྱང་ལོ་བརྒྱ་སྐོར་ཞིག་ནས་རང་ཞིག་སོང་། སི་ཏུ་ཆོས་འབྱུང་གིས་དཔལ་སྤུངས་གདན་ས་གསར་འདེབས་སྐབས་གནས་འདིར་སྨྱུང་གནས་ལྷ་ཁང་ཆུང་ངུ་ཞིག་ཡོད་པར་གྲགས། གྲུབ་མཐའ་བཀའ་བརྒྱུད་པ་ཡིན།