26633
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀརྨ་བསམ་འཕེལ་ནི། སི་ཏུ་པཎ་ཆེན་དང་ཡབ་ཡུམ་གཅིག་པར་ཕྱི་ལོ་ ༡༧༠༡ རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ་ལོར་འཁྲུངས། རིག་འཛིན་ཀློང་གསལ་སྙིང་པོའི་སྐུ་སྐྱེ་རུ་ངོས་འཛིན། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་གྲུབ། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས་བླ་མ་མང་པོར་བསྟེན་ནས་མཁས་བཙུན་གྲུབ་པའི་ཡོན་ཏན་ལ་མངའ་དབང་འབྱོར། སི་ཏུ་པཎ་ཆེན་གྱི་གདན་ས་འཛིན་པའི་ཕྱག་རོགས་གཙོ་བོར་གནང་། ཕྱི་ལོ་ ༡༧༥༡ རབ་བྱུང་བཅུ་གསུམ་པའི་ལྕགས་ལུག་ལོར་འཇང་ཡུལ་དུ་གདུལ་བྱར་ཕེབས། དེའི་རྗེས་ཙམ་ན་སྐུ་གཤེགས་སོ། ། |