From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དཔེ་བྱད་ (1)
| Part of speech
|
མིང་ཚིག
|
| Definition
|
ནང་གི་བསོད་ནམས་མཚོན་བྱེད་ཀྱི་གདོང་དང་ལུས་ཀྱི་མདོག་དབྱིབས་དང་རྣམ་པའི་དོན།
|
| Example
|
དཔེ་བྱད་བཟང་བའི་སྐྱེས་བུ་ཚོས་བསོད་ནམས་བསགས་རྟགས་རེད། དཔེ་བྱད་ལེགས་པའི་ཕོ་གསར། དཔེ་བྱད་མཛེས་པའི་བུ་མོ་ལྟ་བུ།
|
དཔེ་བྱད་ (2)
| Part of speech
|
མིང་ཚིག
|
| Definition
|
སངས་རྒྱས་རང་རྒྱུད་ཀྱི་ཡོན་ཏན་རྣམས་གདུལ་བྱ་གཞན་གྱི་ངོར་དཔོག་པར་བྱེད་པའི་གཟུགས་ཅན་གྱི་རྟགས་ཁྱད་པར་ཅན་ཞིག་ལ་སངས་རྒྱས་ཀྱི་དཔེ་བྱད་ཅེས་བརྗོད། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། གང་ཟག་དེའི་ཡོན་ཏན་གཞན་ངོར་དཔོག་པར་བྱེད་པས་ན་དཔེ་བྱད་ཅེས་བརྗོད་པའི་ཕྱིར། ཞེས་གསུངས། མཚན་དང་དཔེ་བྱད་གཉིས་ཀྱི་ཁྱད་པར་ཡོད་དེ། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། འདི་གཉིས་ཀྱི་ཁྱད་པར་ཡོད་དེ། མཚན་གཙོ་བོ་དང་དཔེ་བྱད་འཁོར་ཡིན་པ་དང་། ཡང་ན་མཚན་ཆོས་ཅན་དང་། དཔེ་བྱད་དེའི་ཆོས་ཡིན་པའི་ཕྱིར། ཞེས་གསུངས།
|
| Domain
|
ཆོས་ལུགས།
|