26773

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:52, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔེ་བྱད་བརྒྱད་ཅུ་ (1)
Part of speech མིང་ཚིག
Definition དཔལ་རྡོ་རྗེ་སྙིང་པོ་ཅན་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས་བྱུང་བ་སྟེ། ༡ སེན་མོ་ཟངས་ཀྱི་མདོག་ལྟ་བུར་འགྱུར་ཏེ། སེན་མོ་སྣུམ་པ། ༢ སེན་མོ་མཐོ་བ། ༣ སོར་མོ་རྣམས་ཟླུམ་པར་འགྱུར་བ། ༤ སོར་མོ་རྣམས་རིམ་གྱིས་ཕྲ་བ། ༥ སོར་མོ་རྣམས་རྒྱས། ༦ རྩ་མི་མངོན་པ། ༧ རྩ་རྣམས་མདུད་པ་མེད་པ། ༨ ལོང་བུ་མི་མངོན་པ། ༩ ཞབས་མི་མཉམ་པ་མེད་པར་མཚུངས་པ། ༡༠ གླང་པོ་ཆེའི་སྟབས་སུ་གཤེགས་པ། ༡༡ སེང་གེའི་སྟབས་སུ་གཤེགས་པ། ༡༢ གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ། ༡༣ དྲང་པོར་གཤེགས་པ། ༡༤ མཛེས་པར་གཤེགས་པ། ༡༥ རིམ་གྱིས་གཤེགས་པ། ༡༦ ཆེ་ཞིང་ཡངས་ལ་ཡོངས་སུ་གྱུར་པའི་པུས་མོའི་ལྷ་ང་ཅན། མཚན་ཡོངས་སུ་རྫོགས་པ། ༡༧ གོམ་པ་སྙོམས་པ། ༡༨ སྐུ་རྣམ་པར་དག་པ། ༡༩ སྐུ་འཇམ་པ། ༢༠ སྐུ་རྣམ་པར་དང་བ། ༢༡ སྐུ་ཞུམ་པ་མེད་པ། ༢༢ སྐུ་སྒུར་བ་མེད་པ། ༢༣ ཀུན་ཏུ་སྤྱོད་པ་གཙང་བ། ༢༤ ཁྱུ་མཆོག་ལྟར་ཀུན་ནས་རབ་ཏུ་དང་བ་ཅན། ༢༥ གཟིགས་པ་ཡོངས་སུ་དག་ཅིང་མངོན་པར་འདོད་པ་ལ་མཉམ་པའི་འོད་ཅན། ༢༦ སྐུ་ཟླུམ་པ། ༢༧ སྐུ་སྐབས་ཕྱིན་པ། ༢༨ སྐུ་མ་རྙོངས་པ། ༢༩ སྐུ་སྐེད་གཞུའི་ལག་བཅགས་ལྟ་བུ། ༣༠ ལྟེ་བ་ཟབ་པ། ༣༡ ལྟེ་བ་མི་གཡོ་བ། ༣༢ ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ། ༣༣ ལྟེ་བ་ཐོགས་པ་མེད་པ། ༣༤ ཡན་ལག་དང་། ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ། ༣༥ པགས་པ་སྐྱོན་དང་བྲལ་བ། ༣༦ གནག་བག་དང་སྨེ་བ་མེད་པ། ༣༧ སྐུ་བརྟན་པ། ༣༨ ཕྱག་ཤིང་བལ་ལྟ་བུ། ༣༩ ཕྱག་ཡངས་པ། ༤༠ ཕྱག་གི་རི་མོ་སྣུམ་པ། ༤༡ ཕྱག་གི་རི་མོ་མི་ཡོ་བ། ༤༢ མཆུ་བིམ་པ་ལྟ་བུ། ༤༣ ཞལ་ཧ་ཅང་མི་རིང་བ། ༤༤ མཉེན་ཞིང་སྲབ་ལ་དམར་བའི་ལྗགས། ༤༥ གླང་པོ་ཆེའི་ང་རོ་ཅན། ༤༦ སྙན་ཅིང་མཉེན་པའི་དབྱངས། ༤༧ སྒྲ་ཕུན་སུམ་ཚོགས་པ། ༤༨ དབྱངས་འཇམ་པ། ༤༩ ཤངས་མཐོ་བ། ༥༠ མཆེ་བ་ཟླུམ་པ། ༥༡ མཆེ་བ་དཀར་བ། ༥༢ མཆེ་བ་བྱིན་གྱིས་ཕྲ་བ། ༥༣ སྤྱན་གཙང་བ། ༥༤ སྤྱན་ཡངས་པ། ༥༥ སྤྱན་མཐོན་མཐིང༌། ༥༦ རྫི་མ་ནག་པ། ༥༧ སྨིན་མ་སྡུག་པ། ༥༨ སྨིན་མ་འཇམ་པ། ༥༩ སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་ལྟ་བུ། ༦༠ སྨིན་ཚུགས་རིང་བ། ༦༡ སྨིན་མའི་སྤུ་ནག་པ། ༦༢ སྨིན་མའི་སྤུ་ཕྲ་བ། ༦༣ སྨིན་མ་རྗེས་སུ་མཐུན་པ་དང་། ཁ་དོག་མ་ཉམས་པ། ༦༤ སྙན་མི་མཉམ་པ་མེད་པ། ༦༥ སྙན་སྐྱོན་དང་བྲལ་བ། ༦༦ དབང་པོ་ཐམས་ཅད་མ་ཉམས་ཤིང་སྐྱོན་དང་བྲལ་བ། ༦༧ ཡོངས་སུ་རྫོགས་ཤིང་མཐོ་ལ་མཆོག་ཏུ་གནས་པའི་ཞལ་གདོང་དང་དཔྲལ་བ་ཅན། ༦༨ དབུ་ཤིན་ཏུ་རྒྱས་པ། ༦༩ དབུ་སྐྲ་ནག་པ། ༧༠ དབུ་སྐྲ་སྟུག་པ། ༧༡ དབུ་སྐྲ་འཇམ་པ། ༧༡ དབུ་སྐྲ་དྲི་ཞིམ་པ། ༧༣ དབུ་སྐྲ་མཉམ་པ། ༧༤ དབུ་སྐྲ་སྣུམ་པ། ༧༥ དབུ་སྐྲ་མ་འཁུམས་པ། ༧༦ དབུ་སྐྲ་མ་འཁྲུགས་པ། དཔལ་བེའུ། བཀྲ་ཤིས། གཡུང་དྲུང་འཁྱིལ་བས་བརྒྱན་པ། རྒྱལ་མཚན་ཡང་དག་པར་གནས་པ། ༧༧ དཔྲལ་བ་དུང་ལྟ་བུ། ༧༨ དབུ་མཆོག་ཏུ་མཐོ་བ་དང་གཙུག་ཏོར་ཡར་འཕགས་པ། ༧༩ དབུ་གདུགས་ཀྱི་རྣམ་པ་ཅན། ༨༠ ཀུན་ནས་མཛེས་པ་བཅས་སོ། །
Domain ཆོས་ལུགས།