26829
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་སྙིང་པོ་བྱང་ཆུབ་ཀྱི་ཕྱོགས་ཡོངས་ནས་མཚོན་པའི་དཔེ་མེད་ཀྱང་ཕྱོགས་རེ་ཙམ་མཚོན་བྱེད་ཀྱི་དཔེ་བཅུ་བཞི་གསུངས་ཏེ། མཐའ་དབུས་མེད་པར་ཁྱབ་ལ་མ་འགག་པས་དུས་ཐམས་ཅད་པར་གྱུར་པ་ནམ་མཁའ་ལྟ་བུ། ཕྱོགས་རིས་མེད་པར་ཀུན་ལ་གསལ་ཞིང་བླང་དོར་མེད་པས་ཉི་མ་ལྟ་བུ། རྟོག་པ་མེད་པར་དགོས་འདོད་འབྱུང་ལ་ཟད་འཕེལ་མེད་ཅིང་མུན་པ་སེལ་ཏེ་ཆུ་དྭངས་པས་ཡིད་བཞིན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ཀླུའི་གོ་ཆ་ལྟ་བུ། ཐོག་མཐར་མི་འགྱུར་ཞིང་གཡའ་འམ་དྲི་མ་མེད་པས་རིན་པོ་ཆེ་གསེར་ལྟ་བུ། མུན་པ་བསལ་ནས་དངོས་པོ་སྟོན་ཞིང་གསལ་བར་མཐོང་བས་སྒྲོན་མ་ལྟ་བུ། ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར་ཞིང་སྡུག་བསྔལ་བདེ་བ་ཆེན་པོར་བསྒྱུར་བས་དུག་འགྱུར་རྩི་ལྟ་བུ། རྟོག་པ་ཡེ་ཤེས་ཀྱི་ཀློང་དུ་བསྒྱུར་བས་གསེར་འགྱུར་གྱི་རྩི་ལྟ་བུ། རང་བཞིན་གྱིས་དྲི་མ་མེད་ཅིང་མི་འགྱུར་བས་བཻ་ཌཱུརྻ་ལྟ་བུ། གཏིང་ཟབ་ཅིང་ཡོན་ཏན་གྱི་རླབས་ལ་ཟད་འཕེལ་མེད་པས་རྒྱ་མཚོ་ཆེན་པོ་ལྟ་བུ། ངོ་བོ་མི་འགྱུར་ལ་སེལ་མེད་ཅིང་གཉེན་པ་དང་བྲལ་ཏེ་མི་འཇིག་པས་རྡོ་རྗེའི་སྙིང་པོའམ་རྡོའི་སྙིང་པོ་ལྟ་བུ། རྣམ་རྟོག་ཟིལ་གྱིས་གནོན་པས་རྩལ་གྱིས་གནོན་པ་སེངྒེ་ལྟ་བུ། ཤེས་རབ་ཀྱིས་འཇུག་ཏུ་མེད་པའི་ཚུལ་གྱིས་འཇུག་སྟེ་རིག་ཅིང་གསལ་ལ་བར་ཆད་མེད་པས་ཡུལ་ལ་འཇུག་པ་རྣམ་ཤེས་ལྟ་བུ། སེལ་དང་བྲལ་ཏེ་ཐམས་ཅད་ཆོས་ཉིད་གཅིག་ཏུ་འཁྱིལ་བས་གསེར་རྡོ་རིན་པོ་ཆེ་ལྟ་བུ། མ་འདྲེས་པར་གསལ་ལ་སྟོང་པས་མངོན་པར་སྤྲོ་བ་སྐྱེད་པ་ངོ་མཚར་གྱི་རྫས་འཇའ་ཚོན་ནམ་རི་མོའི་རྣམ་པ་ལྟ༷་བུ་དང་བཅུ་བཞིའོ། ། |
| Domain | ཆོས་ལུགས། |