26851
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། དེ་ཡང་སྐྱབས་གནས་ཁྱད་པར་ཅན་སྐུ་གསུང་ཐུགས་གསུམ་གྱི་རྟེན་དང་། དབང་ལུང་མན་ངག་གི་བརྒྱུད་པ་ཟམ་མ་ཆད་པ་གནང་བའི་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་བཞུགས་སའི་ཡུལ་དང་། མདོར་ན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛོམས་པའི་ལྷ་ཁང་དང་འདུལ་ཁང་སོགས་ནི་སྐུ་གསུང་ཐུགས་ཀྱི་བསྟན་པ་དང་དཔོན་གསས་བླ་མ་བཞུགས་པའི་གནས་ཡིན་པས་ཡུལ་གྱིས་བསྲུང་བ་དང་། ཞིང་དེར་ཁྲིམས་ལྡན་རྣམས་ཀྱིས་སྤྱོད་ལམ་མ་དག་པ་དང་ཀུན་སློང་མ་དག་པའི་དབང་གིས་ཕོ་མོའི་བར་གྱི་འབྲེལ་བ་ལ་སོགས་མི་འོས་པའི་དོན་དུ་གོ་བར་སེམས་ཏེ། ཀུན་འབྱུང་དབྱིངས་དག་ལས། ལོག་གཡེམ་གྱི་བསྲུང་བ་དེ་ལ། ལྷ་རིགས་ཀྱིས་བསྲུང་བ་དང་། བདག་པོས་བསྲུང་བ་དང་། དབང་པོའི་སྒོ་བསྲུང་བ་དང་། གདུང་བརྒྱུད་ཀྱིས་བསྲུང་བ་དང་། ཁྲིམས་ཀྱིས་བསྲུང་བ་དང་། གནས་དམན་གྱིས་བསྲུང་བ་ལ་སོགས་བསྟན་པའི་སྐབས་སུ། དཔོན་གསས་ཀྱིས་ཡུལ་བསྲུང་བ་དེ་ཡང་དེ་དག་གི་ཁོངས་སུ་བསྟན་པའོ། ། |
| Domain | ཆོས་ལུགས། |