26852

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:52, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔོན་གསས་ལྷ་ཡི་ཆས་སུ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་ཡི་དམ་ལྷ་ཡི་དབང་བསྐུར་གྱི་སྐབས་སུ་དཔོན་གསས་བླ་མས་ཀྱང་ཡི་དམ་གྱི་ལྷ་ཡི་ཆས་སུ་ཞུགས་ཏེ་དབང་གི་ཆས་གོས་རྣམས་གསོལ་ཞིང་བརྒྱན་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། དཔུང་རྒྱན་དབང་གོས་དབང་བེར་སོགས། དཔོན་གསས་ལྷ་ཡི་ཆས་སུ་བསྙེན། ཞེས་པས། དབང་ཆས་དེ་ལ་ཡང་དཔུང་རྒྱན་དང་དབང་གོས་དབང་བེར་ལ་སོགས་གསོལ་ཞིང་བརྒྱན་པ་ལ་ནང་གི་རྫས་སུ་བསྙེན་པ་ཞེས་བྱ་བ་ནི། ནང་ཡི་དམ་ལྷ་ཚོགས་ཀྱི་ཆས་སུ་ཞུགས་པ་ཡིན་པའི་དོན་ནོ། །
Domain ཆོས་ལུགས།