26855

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:52, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔོན་ཆེན་ཀུན་དགའ་བཟང་པོ་ (1)
Part of speech མིང་ཚིག
Definition འ ཁྲུངས་ལོ་མི་གསལ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ནང་གཉེར་བྱས། རབ་བྱུང་ལྔ་པའི་ལྕགས་རྟ་ཕྱི་ལོ་ ༡༢༧༠ ལོར་ས་སྐྱའི་དཔོན་ཆེན་གྱི་གོ་ས་བཟུང། ལྷ་ཁང་ཆེན་མོའི་འོག་ཐོག་དང་། ཐིག་ཁང་། ལྕགས་རི། རྒྱ་ཕིབས་སོགས་དང་། རིན་ཆེན་སྒང་བླ་བྲང་དང་། ལྷ་ཁང་བླ་བྲང་། དབུ་རྩེ་བྱང་། གསེར་འཕྲུ་ཆེན་མོ་བཅས་བཞེངས། ས་སྐྱ་ལོ་དྲུག་རིང་བསྐྱངས། འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་དུ་ཐེངས་གཉིས་པ་ཕེབས། སྐབས་དེར་དཔོན་གཡོག་མ་མཐུན་པར་གྲགས། འགྲོ་མགོན་འཕགས་པའི་ཉེ་གནས་རྣམས་ཀྱིས་གོང་མ་སེ་ཆེན་ལ་ཕྲ་མ་ཞུས་པས་དཔོན་ཆེན་ལས་ཕབ། བྱ་རོག་རྫོང་གི་རྫོང་དཔོན་དུ་བསྐོས། སླར་ཡང་འཕགས་པའི་ཉེ་གནས་རྣམས་ཀྱིས་གོང་མ་སེ་ཆེན་ལ་ཕྲ་མ་མང་དུ་ཞུས་མཐར་མི་ཆེན་སངས་གྷ་ཆིང་སང་གིས་ཧོར་དམག་ཁྲི་ཕྲག་མང་པོ་དྲངས་ཏེ། རབ་བྱུང་ལྔ་པའི་ལྕགས་སྦྲུལ་ཕྱི་ལོ ༡༢༨༡ ལོར་བྱ་རོག་རྫོང་དུ་ཧོར་དམག་གིས་སྲོག་ཐོག་བཏང་། ས་སྐྱའི་དཔོན་ཐོག་གཉིས་པ་ཡིན། འགྲོ་མགོན་གྱི་རྣམ་ཐར་དང་། རྒྱ་བོད་ཡིག་ཚང་སོགས་སུ་ཁྲིམས་འགལ་ནག་ཉེས་ཀྱི་སྐོར་མི་གསལ་བར་བཤད།