26856

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:52, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔོན་ཆེན་བསོད་ནམས་རིན་ཆེན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གསུམ་པའི་མཇུག་དུ་ཤར་ཕྱོགས་དྭགས་པོ་སྨད་ཀྱི་དབྲོང་ཀ་ཞེས་པར་འཁྲུངས། ཆུང་དུས་ནས་ཡིག་རྩིས་དང་། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ལེགས་པར་སྦྱངས། དགེ་སློང་ཚལ་པའི་དྲུང་དུ་ཕེབས། ཐེག་པ་ཆེ་ཆུང་གི་ཆོས་མང་དུ་གསན། ལུགས་གཉིས་ཀྱིས་འབངས་བསྐྱངས། མདོ་ཁམས་སྨད་དུ་ཕེབས། འགྲོ་མང་ནད་ཀྱི་སྡུག་བསྔལ་ལས་བསྐྱབས། རྒུན་འབྲུམ་གྱི་ས་བོན་རང་ཡུལ་དུ་ཁྱབ་གདལ་མཛད། སླར་ཡང་དགེ་སློང་ཚལ་པ་ལས་གསོ་རིག་གཞུང་ལ་ཆེད་སྦྱོང་མཛད། སློབ་མ་མང་དུ་བསྐྱངས། ཀརྨ་པ་རང་བྱུུང་རྡོ་རྗེ་བསྟེན། མདོ་སྔགས་གཞུང་ལ་ཐོས་བསམ་གནང་། གཡུ་ཆེན་རྒྱལ་མོ་འོད་འབར་ཞེས་པ་ཕྱག་ཏུ་ཐེབས་ཏེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་མགུལ་རྒྱན་དུ་ཕུལ། དཔོན་པོ་དང་། སྨན་པ་ཟུང་འབྲེལ་གྱིས་མངའ་ཐང་རྒྱས་པར་མཛད། དགོངས་པ་ཆོས་དབྱིངས་སུ་གཤེགས། མཚན་གཞན། དཔོན་ཁམས་པ་གྲགས་པ།