26954

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:52, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔྱིད་ཀྱི་རྒྱལ་མོ་ (1)
Part of speech མིང་ཚིག
Definition ཁུ་བྱུག་སྟེ། ཁུ་བྱུག་སླེབས་པ་དཔྱིད་ཚེས་པའི་རྟགས་མཚན་བཙན་པོ་ཡིན་པས་ནའོ། །
Type མངོན་བརྗོད།
དཔྱིད་ཀྱི་རྒྱལ་མོ་ (2)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་སྟེ། དྲི་མེད་ལྷ་ལྔ་ཡབ་ཡུམ་ལས་དུས་བཞིའི་རྒྱལ་མོ་བཞིའི་ནང་གསེས་ཡིན་ལ། གནས་ནི། དཀྱིལ་འཁོར་ལྷོ་ནུབ་ཕོ་བྲང་གླིང་ཆེན་གྱི་ཤར་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་གསེར་གྱི་ལན་ཕྲན་སྤྲས་པ། སྐུ་ལ་མེ་འོད་འབུམ་ཕྲག་གསོལ་བ། གཡས་པས་ཉི་མའི་འཁོར་ལོ་དང་གཡོན་པས་རླུང་གི་བ་དན་ཕྱར་བའོ། །ཕྲིན་ལས་ནི། ཞི་རྒྱུད་ལས། འཇུ་ཞིང་དབང་བསྒྱུར་ཕྱག་རྒྱས་འགྲོལ། ཞེས་པས། ཐུགས་རྗེའི་ཐབས་ཀྱིས་དགུན་གྱི་གྲང་འཁྱག་རྣམས་འཇུ་སྟེ་རྩི་ཤིང་བསྐྱེད་པའི་ས་གཞི་འགྲོལ་བར་མཛད་དོ། ། ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷམ་མེ་འདུ་འདུ་གཅོད། ཅེས་པའམ་བསྡུ་ན་གཅོད་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷམ་མེ་ནི་དུས་བཞིའི་བཅུད་ལ་དབང་བསྒྱུར་བ། གཅོད་ནི་ལྷ་མོ་འདི་ཉིད་མཚོན་པའོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། ། འདི་དག་གི་དོན་ལ་གྲོལ་འཁྲུལ་གྱི་དགེ་སྐྱོན་ནི། རྟོགས་ན་བོན་ཉིད་བ་གའི་དབྱིངས་སུ་དག་ལ། མ་རྟོགས་ན་ཁམས་གསུམ་འཁོར་བར་འཁྲུལ་ལོ། །གྲོལ་ན་སྲིད་པའི་རྒྱལ་མོ་ཉིད་ལ། མ་གྲོལ་ན་སྐྱེ་འགྲོའི་སྡུག་བསྔལ་ཤར་བར་གསུངས་སོ། །དེ་ཡང་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། །གོང་གི་ཞི་རྒྱུད་ལས། འདི་ལ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་མ་གསལ་ཡང་། ཐོས་གྲོལ་ལས། ལྷ་མོ་འདི་ཉིད་ཡེ་གཤེན་སེམས་དཔའ་བདུད་རྩི་རྒྱལ་བའི་ཕྱག་རྒྱའི་ཡུམ་ཡིན་པར་བཞེད་དོ། །སྐུ་དང་ཡིག་འབྲུའི་བསྐྱེད་གནས་ནི། གསང་འདུས་ལྟར་ན། ལུས་ཀྱི་དྲོད་ལ་བསྐྱེད་ཅིང་གནས་པར་གསུངས་ལ། ཐོས་གྲོལ་ལྟར་ན་ལག་པའི་འགུལ་རྩ་ལ་གནས་པར་གསུངས་སོ། །
Domain ཆོས་ལུགས།