From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དཔྱིད་འགོའི་མེ་ཏོག་ (1)
| Part of speech
|
མིང་ཚིག
|
| Definition
|
ལུ་གུ་མེ་ཏོག་སྟེ། རྩ་བ་སེར་སྐྱ་ཕྲ་ལ་ཤིན་ཏུ་རིང་བར་ཚིགས་དབྱིབས་དོད་པའི་ཚིགས་མཚམས་ནས་ཨ་ར་ལྟ་བུའི་རྩ་ཕྲན་སེར་ནག་སྐྱེ་བ་དང༌། ལོ་མ་སྔོ་ལྗང་འཇམ་ཞིང་ཆུང་བ་སྒོང་དབྱིབས་འདྲ་བའི་མཐའ་མཉམ་པ། ངར་པ་ཐུང་བ་ས་ལ་འབྱར་ཏེ་འདབ་བཞིའི་ཚུལ་དུ་སྐྱེས་ཡོད། མེ་ཏོག་སྔོན་པོའམ་མུ་མེན་མདོག་ལ་དབྱིབས་ཕྱེ་མ་ལེབ་འདྲ་བ་ལོ་མའི་དབུས་སམ་ཡང་ན་སྡོང་པོའི་རྩེར་གཉིས་གསུམ་འཆར་ཞིང༌། འབྲས་བུ་ལྗང་གུ་ཆུང་སྙིང་དབྱིབས་འདྲ་བ་སྨིན་ཚེ་དམར་སྨུག་ཏུ་འགྱུར་བ་ཤ་རྒྱུའི་འབྲས་བུ་ཡིན་པ་དང༌། འབྲས་བུ་ལྗང་གུ་ཆེ་བ་གཡག་སྙིང་འདྲ་བ་ཤ་རྒྱུ་ཅན་འདོགས་པ་སྟེ། ན་གཤོངས་དང༌། ཞིང་ནང༌། ཞིང་མུ། ས་རྒོད། ཡུར་བའི་མཐའ་སོགས་སུ་སྐྱེ་བ། རྩ་ལོ་མེ་འབྲས་སོ་སོར་བོད་ཟླ་དྲུག་པ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཚ་བ་དང༌། ཞུ་རྗེས་མངར་བ། ནུས་པ་བསིལ་བ། རྩ་བས་གློ་བ་དང་གློ་བའི་རྩ་ཕྲན་ཆད་པ་གསོ་བ་དང༌། གློ་ལུ་བ། གློ་བར་རྣག་བསགས་པ་རྣམས་འདྲེན་ཞིང་གློ་བར་རྨ་ཆགས་ཏེ་ཁྲག་ངན་ཆུ་སེར་འཁོར་བ་སྐེམ། འབྲས་བུས་སྙིང་ནད་སེལ་བ་དང༌། བུད་མེད་ཀྱི་ཟླ་མཚན་འགགས་པའམ་ཁྲག་སྐྲན་དང་རྒྱུ་མ་འདྲིལ་བ་བཤིག་པ་དང༌། ལོ་མས་རྨ་གསོ་བར་བདུད་རྩི་མཚུངས་པའོ། །
|
| Domain
|
གསོ་རིག
|
དཔྱིད་འགོའི་མེ་ཏོག་ (2)
| Part of speech
|
མིང་ཚིག
|
| Definition
|
ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཨ་ར་འདྲ་བའི་རྩ་ཕྲན་ཡོད་པ་དང༌། ལོ་མ་ལྗང་སྐྱ་ཆུང་ལ་ཉག་ཅན་ས་ལ་འབྱར་ནས་སྐྱེ་ཞིང༌། གཞི་རྩ་ནས་སྐྱེ་བའི་ལོ་མ་རྣམས་ཀྱི་དབུས་ནས་མེ་ཏོག་དམར་པོ་ཆུང་ལ་མཚར་བ་པདྨ་རྭ་གའི་མདོག་དང་འདྲ་བ་བཞི་ལྔ་ཙམ་དཔྱིད་ཀ་ཐོག་མར་འཆར་བ་སྟེ། བོད་ཀྱི་ས་གནས་ཡོངས་སུ་ནེའུ་གསིང་དང༌། ན་གཤོངས་ཀྱི་སྤང་སོགས་བཞའ་ཚན་ཆེ་སར་སྐྱེ་བ་མང༌། མེ་ཏོག་བོད་ཟླ་བཞི་པ་ཙམ་ལ་བཏུས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བས་སྐྲངས་པོའི་རིགས་འཇོམས་པ་དང༌། རྨ་གསོ་བ། སྦྲང་ཆར་དང་སྦྱར་ན་ཆུ་སེར་སྐེམ་པར་བྱེད་པ་ཡིན།
|