From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དཔྱོད་པ་ (1)
| Part of speech
|
མིང་ཚིག
|
| Definition
|
གནད་དོན་ཞིག་འགྲིག་མིན་དང་། དོན་དག་ཅིག་ཡིན་མིན་སོགས་ལ་བསམ་བློ་ཞིབ་ཏུ་གཏོང་བའི་བྱ་མིང།
|
| Example
|
ཡིན་མིན་གྱི་དོན་ལ་དཔྱོད་པ། དཔྱོད་པ་པོ་ལྟ་བུ།
|
དཔྱོད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། གཞན་འགྱུར་བཞིའི་ནང་གསེས་སམ་རྟོག་དཔྱོད་གཉིས་ཀྱི་ཟླས་ཕྱེ་པའི་དཔྱོད་པ་སྟེ། སེམས་པ་དང་ཤེས་རབ་ལ་བརྟེན་ནས་དོན་དེའི་ཁྱད་པར་སོ་སོར་གཞིགས་ནས་འཛིན་པ་ཞིབ་པའི་རྣམ་པ་ཅན་གྱི་ཤེས་པའོ། །རྟོག་དཔྱོད་གཉིས་སེམས་གཅིག་ལ་དུས་གཅིག་ཅར་འབྱུང་བར་འགྱུར་ཏེ། དཔེར་ན་མར་གསར་ཆུ་གྲང་མོར་བོར་ཏེ་ཉི་མའི་ཟེར་གྱིས་རེག་ན་ཧ་ཅང་མི་འཇུ་མི་འཁྱག་པ་བཞིན་ནོ། །རྟོག་དཔྱོད་གཉིས་དང་ལྡན་པས་ཧ་ཅང་ཞིབ་པ་དང་རྩིང་བར་མི་འགྱུར་རོ་ཞེས་དང་། མདོ་སྡེ་པ་ནི་མདོ་ལས། བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའི་མ་བརྟགས་མ་དཔྱད་པར་ནི་མ་ཡིན་ནོ་ཞེས་འབྱུང་བས་དོན་གྱི་ངོ་བོ་བརྗོད་པ་དང་ཁྱད་པར་རྗོད་པའི་ངག་ཀུན་ནས་སློང་བ་ལ་རྟོག་པ་དང་དཔྱོད་པ་ཞེས་ཟེར་ཏེ། འདིས་ནི་དེ་ལ་བཏགས་པ་དང། དུས་གཅིག་ཆར་དུ་མི་འབྱུང་པར་ཡང་སྟོན་ཏོ། སློབ་དཔོན་ནི་སེམས་ཙམ་པ་དང་མཐུན་ཏེ་འདི་ལྟར་སེམས་པའམ་ཤེས་རབ་ལ་བརྟེན་ནས་ཡིད་རྗོད་པ་ཀུན་དུ་ཚོལ་བར་བྱེད་པ་དང་སོ་སོར་ངེས་པར་བྱེད་པ་ནི་རྟོག་པ་དང་དཔྱོད་པ་སྟེ། དཔེར་ན་བུམ་པ་འདི་དག་ལས་གང་ནི་སྲ་སྙམ་པ་དང་འདི་ནི་སྲའོ་སྙམ་དུ་ངེས་པ་ལྟ་བུའོ་ཞེས་ཊཱིཀ་ཀར་བཤད་དོ། །དེའི་ཕྱིར་སེམས་གཅིག་དུས་གཅིག་ཆར་མི་འབྱུང་ལ། མདོ་ལས་བསམ་གཏན་དང་པོའི་ཡན་ལག་ལྔ་ལྡན་དུ་གསུངས་པ་ཡང་རྒྱུན་གྱི་དབང་དུ་མཛད་ནས་གསུངས་ཀྱི། སྐད་ཅིག་མའི་དབང་དུ་མཛད་པ་མ་ཡིན་པས་འགལ་བ་མེད་དོ། །
|
| Domain
|
ཆོས་ལུགས།
|