26992
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕུང་པོ་ལྔའི་བཤད་པ་ལས་བྱུང་བ་སྟེ། ༡ དཔྱོད་པ་དགེ་བ་ནི། དེ་ལ་སེམས་ཅན་གཞན་ལ་ཕན་གདགས་ན་ཐབས་འདི་དང་འདིས་ཕན་གདགས་སོ་ཞེས་གཞན་ལ་ཕན་འདོགས་པའི་རྣམ་པ་སྣ་ཚོགས་ལ་རྟོག་པར་བྱེད་པ་ནི་དཔྱོད་པ་དགེ་བའོ། །༢ དཔྱོད་པ་མི་དགེ་བ་ནི། གཞན་ལ་གནོད་པ་བྱ་བའི་ཐབས་སྣ་ཚོགས་ལ་རྟོག་པ་ནི་དཔྱོད་པ་མི་དགེ་བའོ། །༣ དཔྱོད་པ་ལུང་དུ་མ་བསྟན་པ་ནི། བཙེམ་དྲུབ་ལ་སོགས་པ་བཟོའི་གནས་རྣམས་ཞིབ་ཏུ་རྟོག་པ་ནི་དཔྱོད་པ་ལུང་དུ་མ་བསྟན་པའོ། ། |
| Domain | ཚད་མ། |