27036

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:52, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབང་གི་ཆུ་བོ་བཞིའི་ཆས་ (1)
Part of speech མིང་ཚིག
Definition ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན་དབང་། །སྤྱི་ཡི་ཆས་བརྒྱད་སྤྲུལ་པའི་སྐུ་རུ་བསྐུར། །ཐང་གོས། སྣམ་སྦྱར། ཤམ་ཐབས། ལྷུང་བཟེད། མཁར་སིལ། པོ་ཏི། གདིང་བ། ཆུ་ཚག་དང་བརྒྱད་དོ། །ཆོས་བཀའ་གཏད་པ་པོ་ཏི་གླེགས་བམ་དབང༌། །ནང་གི་ཆོས་བརྒྱད་ལོངས་སྤྱོད་རྫོགས་སྐུར་བསྐུར། །དེ་ཡང༌། ཆོས་གོས་གསེར་གྱི་ཧ་རིས་ཅན་ཟབ་བེར། ཕོད་ཀ། ཤམ་ཐབས། བན་དྷེའི་ལྷུང་བཟེད། ཁ་ཊམ་གྱི་མཁར་སིལ། དམ་ཚིག་རྡོ་རྗེ། ཐོད་ཕྲེང༌། འདབ་ལྡན་རིགས་ལྔ་དང་བརྒྱད་དོ། །རིག་པའི་རྩལ་དབང་ཡི་དམ་ལྷའི་དབང༌། །གསང་བའི་ཆས་བརྒྱད་ཆོས་ཀྱི་སྐུ་རུ་བསྐུར། །དེ་ཡང༌། གླང་ཀོ། མི་ལྤགས། སྟག་ཤམ། རཀ། ཞག་གི་ཟོ་རིས། ཐོད་ཕྲེང༌། ཐལ་ཆེན། སྦྲུལ་ཆུན་དང་བརྒྱད་དོ། །ཡོངས་རྫོགས་ཕྱག་རྒྱ་ཆེན་པོ་མཆོག་གི་དབང༌། །དབང་གི་ཆས་བཅུ་མི་འགྱུར་རྡོ་རྗེར་བསྐུར། །དེ་ཡང༌། རྡོ་རྗེ་དྲིལ་བུ། གཟུངས་ཐང་རྡོ་རྗེ། རྒྱན་དྲུག ཀརྨ་མུ་ཏྲ། རྡོ་རྗེ་རྒྱལ་ཐེབ། སྨན་རག་གཏོར་གསུམ། བན་ཕུར། དགང་བླུག་གཟར། རལ་པའི་ལྕང་ལོ་དང་བཅུའོ། །
Domain ཆོས་ལུགས།

{{#arraymap:དབང་གི་ཆུ་བོ་བཞིའི་ཆས་

|; |@@@ | | }}