27316
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབང་མངོན་གྱི་དེ་མ་ཐག་རྐྱེན་གྱི་མཚན་ཉིད་ནི། རིག་པ་གང་ཞིག ཆོས་གཞན་གྱིས་བར་མ་ཆོད་པར་རང་འབྲས་སུ་གྱུར་པའི་རིག་པ་གཙོ་བོར་གསལ་རིག་དུ་སྐྱེད་བྱེད་དོ། །མཚོན་བྱའི་སྒྲ་དོན་ནི། རྒྱུ་འབྲས་གཉིས་ཤེས་པར་མཚུངས་པས་ན་མཚུངས་པ། ཆོས་གཞན་གྱིས་བར་མ་ཆོད་པས་ན་དེ་མ་ཐག་ཏུ་སྐྱེད་པར་བྱེད་པས་ན་རྐྱེན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། |
| Domain | ཚད་མ། |