27326

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབང་མདའ་དགོན་ (1)
Part of speech མིང་ཚིག
Definition དབང་མདའ་དགོན་ཐུབ་བསྟན་ཆོས་འཁོར་གླིང་ངམ་བཤད་སྒྲུབ་བཀྲ་ཤིས་གཡས་འཁྱིལ་གླིང་ནི། སྨར་དང་པོའི་ཐང་དཀར་མ་ན་ཡོད་པས་ཐང་དཀར་མའི་དགོན་པའང་ཟེར། གྲུབ་མཐའ་སྔ་འགྱུར་ཀཿཐོག་པ་ཡིན། མགོ་ལོག་བླ་མ་ཆོས་འབུམ་གྱིས་ ༡༤༩༣ ལོར་དགོན་བྲག་དཀར་མགོ་བཏབ་པའི་རྗེས་ཐོག་ཏུ་དགོན་པ་འདི་སྨར་གྱི་ཝིའི་ནང་ན་སྤོར་ཟེར་བའི་ལུང་པ་ཞིག་ཡོད་པ་དེའི་མདའ་ཡར་ནང་དུ་ཆགས། དེའི་རྗེས་ཤུལ་ད་ལྟའང་ཡོད་སྐབས་དེར་ཆོས་རྒྱུན་ཀཿཐོག་པ་ཡིན། ཕྱིས་སུ་ཀརྨ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་སྐུ་རིང་ལ་ཆོས་རྒྱུན་བཀའ་བརྒྱུད་པར་བསྒྱུར། སླར་ཡང་ཕྱི་ལོ་ ༡༧༢༧ ལོར་བླ་མ་ཀུན་བཟང་བསྟན་འཛིན་གྱིས་ཀཿཐོག་པར་བསྒྱུར། དེ་རྗེས་དབང་མདའི་སྐྱབས་མགོན་མཐོང་གྲོལ་རྡོ་རྗེའི་སྐུ་རིང་ལ་དགོན་གནས་འབྲོག་ཏུ་སྤར་ནས་སྨར་གྱི་སྙིག་དང་པོའི་གསང་གི་དགོན་ལུང་ཉག་ཞབས་སུ་ཆགས། ཕྱི་ལོ་ ༡༨༣༦ ལོ་ཨ་པང་བླ་མ་བསྟན་འཛིན་བཟང་པོས་སྨར་གྱི་རྩིས་མདའི་ཉིན་ངོས་སུ་བརྟན་ཆགས་སུ་བཏབ་ནས་མཚན་ཐུབ་བསྟན་ཆོས་འཁོར་གླིང་དུ་གྲགས། དུས་འགྱུར་དང་རྐྱེན་དུ་མར་བརྟེན་རེ་ཞིག་ནག་སྒར་གྱུར་ནས་གནས་ངེས་མེད་དུ་སྤོས་དགོས་བྱུང་། ཕྱིས་སུ་ད་ལྟའི་དགོན་གནས་ཐང་དཀར་མ་རུ་བསྡད། དེ་ནས་བཟུང་ད་ལྟའི་དགོན་གནས་འདི་ལ་དགོན་གོང་མ་དང་། རྩིས་མདའི་དགོན་རྙིང་ལ་དགོན་ཞོལ་མར་གྲགས། དགོན་ཞོལ་མ་འདི་ད་ལྟ་ཆོས་སྒོ་ཕྱེས་མེད་ཀྱང་དེར་གསུང་རབ་ཀྱི་རྡོ་འབུམ་དང་། མཆོད་རྟེན། དུང་འཁོར་སོགས་རྟེན་མང་དུ་བཞུགས། སྐྱབས་མགོན་གླིང་སྤྲུལ་པདྨ་ལུང་རྟོགས་རྒྱ་མཚོ་དང་། འཇའ་བ་ཨ་ལག་མདོ་སྔགས་ཆོས་ཀྱི་རྒྱལ་མཚན། གྱང་སྤྲུལ་དོན་གྲུབ་རྡོ་རྗེ། བྱ་བླ་མ་ཏིང་འཛིན་བཟང་པོ། མགོ་ཡུང་མཁན་པོ་འཕྲིན་དར། རྡོ་སྤྲུལ་བསྟན་པ་སོགས་ཀྱིས་རིམ་པར་བསྐྱངས། ད་ལྟ་འདུ་ཁང་གཅིག་དང་། གསེར་ཁང་གཅིག གྲྭ་ཁང་དྲུག་ཅུ་ལྷག་དང་། དངོས་བཞུགས་གྲྭ་པ་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཡོད།