27360

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབང་ལག་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ལྡུམ་བུའམ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཤ་རྒྱུ་ཅན་ཤ་མདོག་འདྲ་བ་དབྱིབས་བུ་ཆུང་གི་ལག་པ་འདྲ་བ་གསར་རྙིང་གཉིས་ཐལ་མོ་སྦྱར་ནས་སྐྱེས་པར་ཨ་ར་ལྟ་བུའི་རྩ་ཕྲན་ཐར་ཐོར་ཡོད་པ་དང་། སྡོང་པོ་སྔོ་ལྗང་ཆིག་སྐྱེས་རིང་བ་ཁྲུ་གང་ཙམ་དང་ཐུང་བ་མཐོ་གང་ལྷག་ཙམ་དྲང་པོར་སྐྱེ་བར་ཡལ་ག་མེད། ལོ་མ་ལྗང་སེར་ཆིག་སྐྱེས་རིང་བ་ཁྲུ་གང་ཙམ་དང་ཐུང་བ་མཐོ་གང་ལྷག་ཙམ་དྲང་པོར་སྐྱེ་བར་ཡལ་ག་མེད། ལོ་མ་ལྗང་སེར་འཇམ་ལ་སྣུམ་པ་རལ་གྲིའི་དབྱིབས་ཀྱི་མཐའ་མཉམ་པའི་རྒྱབ་ཅུང་ཟད་སྐྱ་བར་ཡལ་ག་མེད། ལོ་མ་ལྗང་སེར་འཇམ་ལ་སྣུམ་པ་རལ་གྲིའི་དབྱིབས་ཀྱི་མཐའ་མཉམ་པའི་རྒྱབ་ཅུང་ཟད་སྐྱ་ལ་རྩེ་རིམ་བཞིན་ཕྲ་བ་སྨད་ཆས་སྡོང་པོ་རིམ་པས་བཏུམས་ཏེ་སྐྱེ་བ་དང་། མེ་ཏོག་དམར་སྐྱ་ལུག་རུའི་མེ་ཏོག་དབྱིབས་འདྲ་བ་རེ་འགས་སེར་པོ་ཡང་འཆར་བ་སྙེ་དབྱིབས་མེ་ཏོག་བང་རིམ་སྡོང་པོའི་རྩེར་ཚགས་དམ་པོར་འཆར་བ་ཡོད། འབྲས་བུ་སྐམ་ཚགས་རྩེ་རྣོ་ཆའི་ནང་འབྲུ་གུ་སེར་སྨུག་ཤིན་ཏུ་ཆུང་བ་རིང་བསྲེལ་འདྲ་བ་མང་པོ་ཡོད་དོ། །
Domain གསོ་རིག