27383

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབང་སྐར་ (1)
Part of speech མིང་ཚིག
Definition རྒྱུ་སྐར་ཉེར་བརྒྱད་ལས་བརྩི་བྱ་སོ་སོའི་བྱེ་བྲག་ཏུ་བཟང་བའི་སྐར་མ་སྟེ། དེ་ནི་བརྩི་བྱ་སོ་སོའི་རང་ལོ་གང་ཡིན་ལ་བརྟེན་པ་ཡིན་པས། རང་ལོ་བྱི་བ་ཡིན་པའི་བརྩི་བྱའི་དབང་སྐར་སྨིན་དྲུག་དང་། གླང་དང་ཡོས་ཡིན་པའི་བརྩི་བྱའི་དབང་སྐར་དབོ། སྟག་ཡིན་པའི་བརྩི་བྱའི་དབང་སྐར་སྐག འབྲུག་ཡིན་པའི་བརྩི་བྱའི་དབང་སྐར་ལྷ་མཚམས། སྦྲུལ་དང་རྟ་ཡིན་པའི་བརྩི་བྱའི་དབང་སྐར་ལག ལུག་དང་སྤྲེལ་ཡིན་པའི་བརྩི་བྱའི་དབང་སྐར་ཐ་སྐར། བྱ་ཡིན་པའི་བརྩི་བྱའི་དབང་སྐར་ཁྲུམས་སྟོད། ཁྱི་ཡིན་པའི་བརྩི་བྱའི་དབང་སྐར་མགོ། ཕག་ཡིན་པའི་བརྩི་བྱའི་དབང་སྐར་གྲེ་བཅས་ཡིན་ཞིང་། བརྩི་བྱ་སུ་ཞིག་མ་ལས་བཙའ་དུས་ཀྱི་སྐར་མ་དེ་རང་ལོའི་དབང་སྐར་ཡིན་ན་བསོད་ནམས་ཆེ། དེ་ལྟའི་དབང་སྐར་དག་རེས་གཟའ་དང་འགྲོགས་པའི་ཟླ་སྐར་ཡིན་དུས་བརྩི་བྱ་དེ་ཉིད་ཀྱིས་བྱ་ལས་གང་བྱས་ཀྱང་བཟང་བར་བཤད།
Domain རྩིས་རིག