27395

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབང་སྨེ་ (1)
Part of speech མིང་ཚིག
Definition བརྩི་བྱ་དག་གི་ལུས་སྨེའམ་སྐྱེས་སྨེ་ཞེས་པ་དེ་ནས་མར་ལུགས་འབྱུང་དུ་བགྲངས་པའི་སྨེ་བ་བཞི་པ་ལ་དེ་ཉིད་ཀྱི་དབང་སྨེ་ཟེར་ཞིང་། དེ་ནི་སྐྱེས་སྨེ་དབུགས་བཞག་གིས་སྨེ་བ་གླིང་དགུར་བཀོད་ན་བྱང་ཤར་མཚམས་སུ་འབབ་པས། རུས་སྦལ་རྒྱབ་ཀྱིས་ཕྱོགས་པ་ཡིས་དབང་ཐང་རྐང་པ་གཡོན་པས་འདྲུད་ཅེས་ཟེར་བ་ཡིན། གལ་སྲིད་བརྩི་བྱའི་སྐྱེས་སྨེ་བདུན་དམར་ཡིན་པར་ཆ་བཞག་ན། སྐྱེས་སྨེ་བདུན་དམར་གཅིག་བྱས་ནས་ལུགས་འབྱུང་དུ་བསྐོར་ནས་བགྲངས་པའི་བཞི་པ་གཅིག་དཀར་ཡིན་པས། བརྩི་བྱ་དེ་ཉིད་ཀྱི་དབང་སྨེ་གཅིག་དཀར་ཡིན་པ་ལྟ་བུ་དང་། སྐྱེས་སྨེ་བདུན་དམར་དབུས་བཞག་གིས་སྨེ་བ་གླིང་དགུར་བཀོད་ན་རུས་སྦལ་རྒྱབ་ཀྱིས་ཕྱོགས་པའི་རྐང་པ་གཡོན་ཏེ་དབང་ལྡན་དུ་འབབ་པའི་སྨེ་བ་ནི་དབང་སྨེ་གཅིག་དཀར་དེ་ཡིན་པ་ལྟ་བུ་ཡིན།
Domain རྩིས་རིག