27409
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བརྒྱད་པའི་དུས་མགོ་ཙམ་དུ་འཁྲུངས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དམག་དོན་བློན་ཆེན་ཡིན། ཆུ་སྟག་ཕྱི་ལོ ༧༦༢ ལོའི་ཡས་མས་སུ་མཁར་ཚན་ཡན་ཆད་དུ་དམག་དྲངས། མཁར་ཅུ་བ་བརྒྱད་ཕབ། མཁར་དཔོན་ངོ་ལོག་པ་རྣམས་ཕུད། ཆབ་འབངས་སུ་བཅུག། ཆབ་སྲིད་རྒྱ་བཀྱེད། ལོང་ཤན་རི་རྒྱུད་ཡན་ཆད་མངའ་འོག་ཏུ་བཅུག། མཐོང་ཁྱབ་ཁྲི་སྡེ་ལྔ་བཙུགས། བློན་ཁམས་ཆེན་པོ་གཅིག་གསར་དུ་བཀྱེད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་དོར་སྡེ་ཕྱུག་མཚམས་སྡེ་འཛོམས་དཔའ་བའི་རྟགས་མཚན་དུ་སྟག་གི་ཐོག་དབུ་བསྩལ། |