27493
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཔལ་སྤྲུལ་གསུང་འབུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྤྱི་དོན་ལས་བྱུང་བ་སྟེ། རང་བཞིན་གྱི་མྱང་འདས་ནི། ཆོས་རྣམས་ཀྱི་རང་བཞིན་སྤྲོས་པ་མཐའ་དག་དང་བྲལ་བའོ། །མི་གནས་པའི་མྱང་འདས་ནི། སངས་རྒྱས་དང་བྱང་སེམས་ཀྱི་མྱང་འདས་སོ། །ལྷག་བཅས་ཀྱི་མྱང་འདས་ནི། ཐེག་དམན་གྱི་དབང་དུ་བྱས་པ་སྟེ། དགྲ་བཅོམ་པ་ཚེ་འདུ་བྱེད་མ་བཏང་བ་ན་ཉོན་མོངས་པ་སྤངས་ཀྱང་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ལྷག་མ་ཡོད་པ་ནི་ལྷག་བཅས་ཀྱི་མྱང་འདས་ཡིན། ལྷག་མེད་ཀྱི་མྱང་འདས་ནི། དགྲ་བཅོམ་པ་སྐུ་ཚེའི་འདུ་བྱེད་བཏང་བ་ན། སྡུག་བསྔལ་གྱི་ཕུང་པོ་རགས་པ་འདོར་ཞིང་དག་པའི་ཞིང་ཁམས་སུ་པདྨའི་སྦུབས་སུ་ཡིད་ཀྱི་ལུས་ཀྱིས་གནས་པ་ན་ལྷག་མེད་དུ་བཞེད་པར་མངོན་ནོ། ། |
| Domain | ཆོས་ལུགས། |