27544

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབུ་མཛད་ཆེན་མོ་བསྟན་འཛིན་འབྲུག་རྒྱལ་ (1)
Part of speech མིང་ཚིག
Definition འབྲུག་ཞབས་དྲུང་གི་སློབ་མ་ཕྱི་ནང་གི་སྡེ་སྲིད་རྣམ་གཉིས་ཀྱི་ཡ་གྱལ། ཕྱིའི་སྡེ་སྲིད་དབུ་མཛད་ཆེན་མོ་བསྟན་འཛིན་འབྲུག་རྒྱལ་མཆོག་ནི། དགོན་འོབས་མཚོ་ཡུལ་གསར་དུ། གྲུབ་ཐོབ་གཏེར་ཁུངས་པའི་གདུང་རབས་སུ། རབ་བྱུང་བཅུ་པའི་ལྕགས་ཡོས་ ༡༥༩༡ ལོར་འཁྲུངས། དགུང་ལོ་བཅུ་གཅིག་ལ་འབྲུག་གདན་བྱང་ཆུབ་གླིང་དུ་ཆོས་ལ་བྱོན། སྐྱབས་མགོན་ཞབས་དྲུང་ངག་དབང་རྣམ་རྒྱལ་དགུང་གྲངས་བརྒྱད་བཞེས་པའི་ཞབས་ལ་གཙུག་ཕུད་ཕུལ་ནས། མཚན་བསྟན་འཛིན་འབྲུག་རྒྱལ་དུ་གསོལ། མི་ཕམ་ཆོས་རྒྱལ་ལ་རབ་ཏུ་བྱུང༌། གསང་སྔགས་ཀྱི་ཕྱག་ལེན་གར་ཐིག་དབྱངས་གསུམ་ལ་མཁས་པར་སྦྱངས། དགུང་གྲངས་ཉི་ཤུ་ནས་སྐྱབས་མགོན་ཞབས་དྲུང་གི་དབུ་མཛད་དང་ཕྱག་མཛོད་སྦྲེལ་མར་མཛད། མཁས་གྲུབ་ལྷ་དབང་བློ་གྲོས་ལས་དཀར་ནག་རྩིས་ཀྱི་གཞུང་ལ་སྒྲོ་འདོགས་ཆོད། ལྷག་པར་གཡུལ་རྒྱལ་གཡང་འཆར་ལ་བརྟེན་དགྲ་ཐབས་ཀྱི་བྱུས་ལ་མཁས། སྐྱབས་མགོན་ཞབས་དྲུང་ལྷོ་ལྗོངས་སུ་གདན་འདྲེན་པའི་ཁ་ལོ་བ་མཛད། ཕྱིས་ཆོས་སྲིད་ཀྱི་དབུ་བརྩམས་པ་ནས་བཟུང་སྡེ་སྲིད་ཕྱག་མཛོད་ཀྱི་ཐུགས་ཁུར་བཞེས་ཏེ། ཆོས་ཁྲིམས་དར་གྱི་མདུད་པ་བཞིན་དུ་བསྡམས། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྟ་བུའི་ལྗིད་ཀྱིས་མནན་ཏེ། བླ་མའི་སྐུ་དགྲ་ལྷ་གནས་དགེ་གསུམ་སོགས་ཡུལ་ནས་བཏོན་ཏེ་མིང་གི་ལྷག་མ་ཙམ་དུ་མཛད། ཆབ་སྲིད་དམ་པའི་ཆོས་ཀྱིས་བསྐྱངས་ཤིང༌། ལུགས་གཉིས་ཁྲིམས་ཀྱི་གནམ་ཐིག་དྲང་པོར་འདེབས་པའི་སྲོལ་བཟང་པོ་བཙུགས་པས། དེང་སང་གི་བར་དུ་དཔེ་བྱར་འོས་པའི་བཀའ་ཁྲིམས་འདི་བྱུང༌། སྐྱབས་མགོན་ཞབས་དྲུང་གཤེགས་རྗེས་སུ། ཕྱིའི་རྒྱལ་སྲིད་མངའ་འབངས་ཀྱི་ཁྲིམས་ལུགས་དང་འཇིག་རྟེན་གྱི་སྲུང་སྐྱོང་ཐམས་ཅད་བདག་གིར་བཞེས་ཏེ། བསྟན་སྲིད་འཛིན་སྐྱོང་ཤར་ནུབ་སྤྱི་བླ་གཉིས་དང༌། དབུས་གཞུང་རྫོང་བདག་གསུམ། མགྲོན་གཟིམས་གཉིས་བཅས་བླ་མའི་དགོངས་གཏད་བཞིན་དུ་བསྐོ་བཞག་གནང་ཞིང༌། ཤར་ཕྱོགས་ཁ་ལིང་ཚུན་འབྲུག་ལུང་དཀར་མོར་བསྒྱུར། ཆོས་རྗེ་འབྲུག་པའི་བསྟན་སྲིད་ལ་བཀའ་དྲིན་བླ་ལྷག་ཏུ་མཛད་པའི་མཐར། དགུང་གྲངས་རེ་དྲུག་པ་མེ་སྤྲེལ་ ༡༦༥༦ ལོར་སྐུ་མི་བདེ་བའི་རྣམ་པ་ཙམ་ཡང་མེད་པར་གཤེགས་སོ། །