27570

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབུ་མའི་ལུགས་ཀྱི་མཐོང་ལམ་སྐད་ཅིག་བཅུ་དྲུག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དབུ་མ་པ། དབུ་མ་པའི་སློབ་དཔོན་དག་གིས་འདོད་པའི་མཐོང་ལམ་སྐྱེ་ཚུལ་ཞིག་ལ་དབུ་མའི་ལུགས་ཀྱི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ཅེས་འཇོག ཇི་ལྟར་སྐྱེ་ཚུལ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གཉིས་པ་སློབ་དཔོན་གྱི་བཞེད་པ་བསྡུས་ཏེ་བསྟན་པ་ནི། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱི་ངོ་བོར་གྱུར་པའི་བཟོད་པ་བརྒྱད་ཅིག་ཅར་དུ་སྐྱེ་ཞིང་། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་སྒོ་ནས་བཞག་པ་ཡིན་ཏེ། མཐོང་ལམ་བར་ཆད་མེད་ལམ་གྱིས་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་ཆོས་བཟོད་བཞི་དང། ཆོས་བཟོད་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་རྗེས་བཟོད་བཞིར་བཞག་པའི་ཕྱིར། དེ་བཞིན་དུ་ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་གྱི་ངོ་བོར་གྱུར་པའི་ཤེས་པ་བརྒྱད་ཀྱང་ཅིག་ཅར་དུ་སྐྱེ་ཞིང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་སྒོ་ནས་བཞག་པ་ཡིན་ཏེ། མཐོང་ལམ་རྣམ་གྲོལ་ལམ་གྱིས་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་ཆོས་ཤེས་བཞི་དང། ཆོས་ཤེས་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་རྗེས་ཤེས་བཞིར་བཞག་པའི་ཕྱིར། ཚུལ་འདི་དབུ་མ་ཐལ་འགྱུར་བ་དང་མཐུན་ཏེ། རིགས་པ་དྲུག་ཅུ་པ་ལས། ཆོས་ཤེས་པ་ཡི་མཇུག་ཐོགས་སུ། །འདི་ལ་བྱེ་བྲག་ཡོད་ན་ནི། །དངོས་པོ་ཤིན་ཏུ་ཕྲ་བ་ཡང། །གང་གི་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང། །ཞེས་གསུངས།
Domain ཆོས་ལུགས།