27635

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབུགས་གསོའི་ཀེག་ (1)
Part of speech མིང་ཚིག
Definition རྩུབ་རྡེལ་བདུན་གྱི་ཡ་གྱལ་རང་ཀེག་རྩུབ་པའི་ནང་གསེས་ཤིག་སྟེ། བརྩི་བྱའི་ལོ་ཁམས་ཤིང་བྱི་ཡིན་པར་ཆ་བཞག་ན། ས་བྱི་གནམ་ལོར་ཤར་བ་ལྟ་བུ་དབང་ཐང་གྲོགས་སུ་འགྲོ་བའི་རང་ཀེག་ལ་ཟེར་བ་ཡིན། དེ་ནི་བརྩི་བྱ་དག་རང་ལོ་ཉེར་ལྔ་དང་གྱ་ལྔ་བཅས་ལ་སོན་པའི་དུས་ཀྱི་རང་ཀེག་ཡིན་ཞིང་། དུས་དེར་བདེ་སྡུག་རེས་ཀྱིས་འོང་ཞིང་འཕུང་གྱོད་བྱུར་འདྲེ་ལྡང་བས། བཟློག་རིམ་ལ་ཏོག་གཟུངས་དང་། རྣམ་འཇོམས། ཚེ་མདོ་བཅས་བཀླག་དགོས་ལ། བྱབས་ཁྲུས་ཀྱང་བྱ་དགོས། དམིགས་བསལ་དུ་སྐྱེས་པའི་སྲོག་དང་བུད་མེད་ཀྱི་དབང་ཐང་གཙོ་བས། སྐྱེས་པའི་ནང་ཕྲད་སྲོག་ཁམས་ཀྱི་བཟང་ངན་ལ་ཡང་བརྟག་པ་གཅེས། གལ་སྲིད་ནད་བཏབ་ན་ཟླ་བ་བཅུ་གཉིས་ལས་མི་འདའ་བར་བཤད།
Domain རྩིས་རིག