27697

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབུགས་སྒང་ཁྱིམ་གསུམ་ (1)
Part of speech མིང་ཚིག
Definition ཉི་མའི་ལྡོག་འགྲོས་ཀྱི་དུས་ཡུན་འཇལ་བྱེད་ཡིན་ལ། ཁྱིམ་ཞེས་པ་ཁྱིམ་དེ་དང་དེར་སླེབས་པའི་ཉིན་ལ་བྱེད་ཅིང་། དབུགས་ཞེས་པ་ཁྱིམ་སླེབ་ཉིན་ནས་ཡར་བགྲང་བའི་ཉིན་བདུན་པའི་སྐབས་སུ་འབྱུང་ལ། སྒང་ཞེས་པ་ཁྱིམ་དེར་སླེབ་ནས་ཉིན་བདུན་པའི་སྐབས་སུ་འབྱུང་། དབུགས་དང་སྒང་གི་བར་ཉིན་ཞག་བཅོ་ལྔ་དང་། ཁྱིམ་སླེབ་དང་སྒང་གི་བར་ཉིན་ཞག་བདུན་རེ་སྟེ། དེས་ན་དབུགས་སྒང་ཁྱིམ་གསུམ་ཚར་གཅིག་གི་བར་ལ་ཉིན་ཞག་བདུན་རེ་ཡོད། དབུགས་ཐོབ་དང་དབུགས་ཐོབ་ཀྱི་བར་དང་ཡང་ན་སྒང་དང་སྒང་གི་བར་དང་ཡང་ན་ཁྱིམ་སླེབ་དང་ཁྱིམ་སླེབ་བར་ལ་ཉིན་ཞག་རེ་ཡོད་ལ། རྒྱ་རྩིས་ཀྱི་དབུགས་སྒང་ཁྱིམ་གསུམ་དང་བོད་རྩིས་ཀྱི་དབུགས་སྒང་ཁྱིམ་གསུམ་དག་མི་འདྲ་བར་ཡོད། རིགས་ལྡན་སྙིང་ཐིག་ལས། དབུགས་ཐོབ་ཁྱིམ་སླེབས་སྒང་ཚད་དང་ཞེས་གསུངས།
Domain རྩིས་རིག