27774

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབེན་གནས་ཤྲཱི་ནེའུ་སྟེང་དགོན་ (1)
Part of speech མིང་ཚིག
Definition དབེན་གནས་ཤྲཱི་ནེའུ་སྟེང་དགོན་པ་འདི་ནི། དེང་གི་གནས་ཡུལ། བོད་དབུས་སྟོད་དིང་རིའི་ཡུལ་དུ། གཡམ་རས་ཞེས་པའི་ས་ཆར་ཆགས་ཡོད། དགོན་འདི་ནི་ཐོག་མར་མཁས་གྲུབ་གཉིས་ལྡན་གྱི་བྱ་བཏང་འཇམ་དཔལ་དབྱངས་ཞེས་པས་ཕྱག་བཏབ་པ་ཞིག་ཡིན་ཅིང་། དེ་ཡང་ཐོག་མར་ཁོང་ཤྲཱིར་ཞབས་སྐོར་དུ་ཕེབས་སྐབས་ཐུགས་དགོངས་ལ་གསང་སྔགས་མ་རྒྱུད་ཀྱི་གནས་མཆོག་ཁྱད་པར་བ་འདིའི་སྟེང་དུ། དགོན་པ་ཞིག་ཅི་ནས་ཀྱང་འདེབས་དགོས་སྙམ་པ་ཐུགས་ལ་དགོངས་ཏེ། ཀམ་ཀ་ཞེས་པའི་ས་ཆར་གསོལ་ཚབ་སྐྱོན། དེ་ནས་དགོན་པ་འདེབས་ཡུལ་གྱི་ས་ཆ་ལེགས་པར་དཔྱོད་བཞིན་དལ་བུར་ཕེབས་པས། ས་འདིར་ཕེབས་སྐབས་ར་སྔོན་མོ་མཛེས་ཤིང་ཡིད་དུ་འོང་བ་ཞིག་འཇའ་ཚོན་སྣ་ལྔའི་དཀྱིལ་ན་ཁྲ་སྤུངས་ངེར་འདུག་པ་གཟིགས་པས། མཁའ་འགྲོའི་ལུང་བསྟན་འདྲ་མིན་ནམ་སྙམ་ནས་ཉེ་བར་བཅར་བས། ར་དེ་ཡང་ཤྲཱིའི་བྲག་ལྡེབས་ལ་ཡར་འཛེགས་སོང་བའི་མཐར་ད་ལྟའི་དགོན་གནས་ཡོད་ས་དེར་འཐིམས་སོང་བས། དེར་ཞིབ་པར་གཟིགས་སྐབས། རྡོ་མ་མོའི་གྲོད་པ་ཞེས་པ་གཟུགས་དབྱིབས་ཁྱད་མཚར་ཅན་ཞིག་ལས་གཞན་གང་ཡང་མེད་པས། དགོན་པ་འདེབས་སའི་ལུང་བསྟན་དུ་དགོངས་ནས། དགོན་པ་འདེབས་རྒྱུའི་རྒྱུ་ཆ་དང་། ཆ་རྐྱེན་རྣམས་རིམ་བཞིན་སྟ་གོན་མཛད། དགོན་པ་ཆུང་ཆུང་ཞིག་ཕྱག་བཏབ་སྟེ་རས་ལུང་བསྟན་པས། མཚན་དཔལ་ལྡན་ར་སྔོན་དགོན་པ་ཞེས་གསོལ། རྒྱལ་བ་རྒོད་ཚང་པ་ཕེབས་དུས་ནས་དགོན་པའི་མཚན་ཡོད་པར་དཔྱད་ན་ཉུང་མཐར་ཡང་ལོ་ངོ་བརྒྱད་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། གདན་ས་འདིར་བཞུགས་པའི་བླ་རབས་ནི། བྱ་བྲལ་འཇམ་དཔལ་དབྱངས། སྐྱབས་མགོན་བློ་གྲོས། གདུང་སྲས་ངག་དབང་རིན་ཆེན། ནེ་རང་སྤྲུལ་སྐུ་བསྟན་འཛིན་དབང་ཐོབ། ངག་དབང་བདུད་འདུལ་ཆོས་རྒྱལ་སོགས་བྱོན་འདུག་ཀྱང་། ཁོང་རྣམ་པའི་འཁྲུངས་འདས་ལོ་སོགས་མི་གསལ། མདོར་ན་རྒྱ་དམར་གྱི་ཉམས་ཉེས་མ་བྱུང་གི་བར་དུ། དགེ་འདུན་རི་ཁྲོད་པ་བསྡོམས་ཉིས་བརྒྱ་ལྷག་ཙམ་དང་སྐུ་གསུང་ཐུགས་རྟེན་མང་པོ་དང་། སྒྲུབ་སྡེ་ངེས་དོན་ཐར་པ་གླིང་ཞེས་པ་དེར་སྒྲུབ་ཁང་བརྒྱད་རེ་རེ་ལའང་སྒྲུབ་གཡོག་དང་འཚོ་རྟེན་མ་རྩ་རང་འགྲིགས་བཅས་ཡོད། ཕྱི་ལོ་ ༡༩༦༦ ལོར་རྒྱ་དམར་གྱིས་ཉམས་ཉེས་འོག་ཏུ་དགོན་པ་སྤྱི་མཚུངས་བཞིན་དུ་གྱུར་འདུག སླར་ཡང་ཕྱི་ལོ་༡༩༩༣ སྐད་གཏོང་ངག་དབང་འགྱུར་མེད་ཀུན་བཟང་ཀློང་གྲོལ་རིན་པོ་ཆེས་དབུ་མཛད། གཙང་བསམ་ཆོས་སྤྲུལ་སྐུ་ཀུན་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་ནས་མཐུན་རྐྱེན་གཞོགས་འདེགས་ཚད་མེད་གནང་བའི་འོག དེང་གི་སྐབས་སུ་འདུ་ཁང་ཀ་བཞི་ཞིག་དང་། གཡས་གཡོན་དུ་གཟིམ་ཆུང་། སྒྲུབ་སྡེའི་སྒྲུབ་ཁང་དང་། བཀའ་འགྱུར་ལྷ་ཁང་དང་པར་ཁང་བཅས་བསྐྱར་བཞེངས་ལེགས་གྲུབ་བྱུང་འདུག། དགོན་འདིའི་མ་དགོན་བདེ་ཆེན་ཆོས་འཁོར་གླིང་དགོན་པ་ཡིན་འདུག་པ་བཅས་སོ། །