27779
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་གིས་ཁྲིམས་གྲོགས་མེད་པར་དགེ་སློང་མ་དང་ལྷན་ཅིག་ཏུ་དབེན་པ་ན་འགྲེང་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། ཁྲིམས་གྲོགས་མེད་པར་དགེ་སློང་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་དུ་འགྲེང་བར་བྱས་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་དགེ་སློང་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འགྲེང་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |