27781

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབེན་པ་བརྒྱད་ཀྱི་བཅོས་ཐབས་འཆི་མེད་ (1)
Part of speech མིང་ཚིག
Definition ཆོས་ཚན་འདི་པེ་ཅིང་པར་མ་དང་། སྣར་ཐང་པར་མ་ལ་མཚན་བྱང་འཕར་མ་དབེན་པ་བརྒྱད་ཀྱི་བཅོས་ཐབས་འཆི་མེད་བཞུགས་ཞེས་དང་། དབེན་པ་བརྒྱད་ཀྱི་སྤྱིའི་མཇུག་བྱང་དུ་སློབ་དཔོན་ཆེན་པོ་འབིར་ཝ་པས་མཛད་པའི་འཆི་མེད་གྲུབ་པའི་དབེན་པ་བརྒྱད་ཀྱི་སྐྱོན་བཅོས་ཐབས་ཀྱི་མན་ངག་ཅེས་འཁོད་པར་བརྟེན་བསྟན་འགྱུར་དཔེ་བསྡུར་མ་ལ་ཆོས་ཚན་གཅིག་བྱས་འདུག་ཀྱང་། འདིའི་དབེན་པ་རེ་རེའི་དབུར་དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཞེས་འགྱུར་ཕྱག་རེ་དང་། མཛད་བྱང་དུའང་“བོད་ཡུལ་དུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཨ་མོ་ཀ་བཛྲས་ཡི་གེར་མཛད་ཅིང་གསུངས་པའོ་”ཞེས་དང་། རྣལ་འབྱོར་གྱི་དབང་ཕྱུག་ཨ་མོ་གྷ་བཛྲས་མཛད་པ་ཞེས་སོགས་འཁོད་པ་དང་། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུའང་ཆོས་ཚན་བརྒྱད་དུ་དབྱེ་འདུག ཡང་མཇུག་ཏུ་། །ཐུན་མོང་། སེམས། སྒྲ། སྡོམ་པ། སྡུག་པ། གྲམ་པྱ། གྲམ་པྱ་གཡོན། ལུག་གུ་རྒྱུག རིན་ཆེན་སྡོམ་པ། ཐབས། ཤེས་རབ། རིན་འབྱུང་། མཐའ་ཡས། མི་བསྐྱོད། རྣམ་སྣང་། དོན་ཡོད་དོ། །ཞེས་གསུངས། བསྟན་འགྱུར་རྒྱུད་ཁ་པར་བཞུགས།