27805
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀྱེ་ལ་སངས་རྒྱས་དཔལ་གྱི་སྙིང་སྟོད་དུ་ཀཱེ་ཉི་མཁར་དཀར་སེར་གྱི་གཞིས་ཀ་བཏབ། ཆོས་དང་ཆབ་སྲིད་འཇིག་རྟེན་གྱི་མངའ་ཐང་རྨད་དུ་བྱུང༌། དེ་ལ་སྲས་བཞི་ཡོད་པའི་ཆེ་བ་རུ་སྐུ་བལྟམས། བྱང་ཆུབ་གཞོན་ནུ་ལས་རབ་ཏུ་བྱུང་། གདམས་པ་ཐམས་ཅད་གསན། གདན་ས་སྐུ་འབུམ་དུ་ཚང་མང་གསར་བའི་ཁྲིར་ཕེབས་ཏེ་བསྟན་པའི་རྒྱལ་མཚན་འཛིན་པར་མཛད། དེ་འོག་དགེ་བཤེས་གྲགས་པ་ཚུལ་ཁྲིམས་ཡང་སྐུ་འབུམ་དུ་བཞུགས། དེ་འོག་ནམ་མེ་དངཨ་རིན་གཉིས་ཀྱི་སྲས་རྒྱུད་རྣམས་ལས་རིམ་པར་སྐུ་འབུམ་དུ་ཚང་མང་གསར་པའི་གདན་ས་དང་སྙིང་སྟོད་དུ་སྲིད་བསྐྱངས་པ་སོགས་ལོ་མང་རིང་ཆོས་སྲིད་འགྲན་ཟླ་དང་བྲལ་བ་བྱུང་། མཐར་རབ་བྱུང་བཅུ་གཅིག་པ་དུས་རབས་བཅུ་བདུན་པའི་སྟོད་ཙམ་ནས་བེ་རུའི་དམག་གིས་གཏོར་ནས་ལྕི་རྒྱུད་དུ་གནས་འཕོས། |