27811

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབོན་བསོད་ནམས་གྲགས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་མེ་ལུག་ཕྱི་ལོ་ ༡༡༨༧ ལོར་སྒ་ཡུལ་ནོན་འཇམ་འོམ་བུ་ལུང་དུ་ཡབ་ཨ་ཉེ་ཨ་གྲགས་ཀྱི་སྲས་སུ་འཁྲུངས། གདུང་རུས་སྐྱུ་ར་ཡིན། ཆུང་དུས་ནས་ཡིག་རྩིས་སོགས་སྦྱངས། བཅུ་གཅིག་པར་འབྲི་གུང་བྱང་ཆུབ་གླིང་དུ་ཕེབས། ཁུ་བོ་ཆོས་རྗེ་སྐྱོབ་པ་ལས་རབ་ཏུ་བྱུང་། མཚན་ལ་བསོད་ནམས་གྲགས་པ་ཞེས་གསོལ། བཀའ་བརྒྱུད་གོང་མ་རྣམས་ཀྱི་གདམས་ངག་གསན། བཅུ་གསུམ་པར་སྐུ་མཚམས་བཞུགས། ་ཉམས་ལེན་ལོ་བཅུ་གསུམ་རིང་མཛད། སྟག་ཕུར་བྱོན། ཇོ་བོ་ཡོན་ཏན་གྲགས་པ་ལས་གསང་འདུས་བདེ་དགྱེས་སོགས་གསན། འབྲི་གུང་དུ་ཕེབས། སླར་ཡང་ལོ་དྲུག་གི་བར་དུ་སྐུ་མཚམས་བཞུགས། སོ་ལྔ་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཁྲིར་བཞུགས། གདན་ས་ལོ་ངོ་བཅུ་གསུམ་རིང་བསྐྱངས། སོ་དགུ་པར་བཀྲ་ཤིས་སྒོ་མངས་རྟེན་དང་བརྟེན་པ་གསར་བཞེངས་མཛད། ཞེ་བརྒྱད་པ་རབ་བྱུང་བཞི་པའི་ཤིང་རྟ་ཕྱི་ལོ་ ༡༢༣༤ ལོར་འབྲི་གུང་དུ་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་གཉིས་པ་ཡིན།