27828
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ རྗེ་ཁྲི་ལྡེ་གཙུག་བརྟན་གྱིས་བྲག་དམར་མགྲིན་བཟང༌། འཆིང་ཕུ་ནམ་རལ། ཀ་ཆུ། དབུ་རུ་མཁར་ཕུག མདོ་ཁམས་སྨད་དུ་གླིང་གི་ཁྲི་རྩེ་དང་ལྔ་བཞེངས། ༢ ཁྲི་ལྡེ་སྲོང་བཙན་གྱིས་དཀར་ཆུང་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས། ༣ མངའ་བདག་རལ་པ་ཅན་གྱིས་འོན་ལྗང་དུ། གཡུའི་ལྷ་ཁང་དགུ་ཐོག་དང༌། མདོ་སྨད་དུ་རབ་སྟོང་གི་ལྷ་དང་གཉིས་སོ། །༤ གཅུང་གཙང་མས་མོན་བུད་མཁར་ཁྲམ་སྣའི་ལྷ་ཁང་བཞེངས། ༥ ཁྲི་སྲོང་ལྡེ་བཙན་གྱིས་དབུ་རྩེ་རིགས་གསུམ། གླིང་ཕྲན་བཅུ་གཉིས། དེར་མ་གཏོགས་པ་དག་བྱེད་ཁྲུས་ཁང་གླིང༌། ཚང་རྨང་ཀེ་རུ་གླིང༌། ཀླུ་སྒྲུབ་མཐུ་རྩལ་གླིང༌། གཡག་ཤ་སྟ་འོག་གླིང་དང་བཅུ་བདུན་བཞེངས་པ་བཅས་སོ། ། |
| Domain | ལོ་རྒྱུས། |