27861

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབྱངས་ཅན་མ་ (1)
Part of speech མིང་ཚིག
Definition ཤེས་རབ་སྩོལ་བའི་ལྷ་མོ་ཞིག་སྟེ། འཇིག་རྟེན་འདི་ཆགས་ནས་མི་རིང་བར། རི་རབ་ཀྱི་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོ་བདུད་རྩིའི་རང་བཞིན་དུ་གནས་པ་ལ། ཕྱོགས་ཀུན་ནས་རླུང་གི་བཀོད་པ་མཐའ་ཡས་པ་ལངས་ཏེ། དེས་རྒྱ་མཚོའི་རྦ་རླབས་རྣམ་པ་དུ་མར་གཡོས་པ་ལས། སྲིད་པ་གསུམ་གྱི་བརྟན་གཡོས་སྒྲ་སྐད་ཐམས་ཅད་སྙན་ཞིང་འཇེབས་པར་གནས་པའི་ཚེ། ཚངས་པ་ཆེན་པོས་སྒྲ་དེ་གསན་ནས། ལོ་སྟོང་ཕྲག་གི་བར་དུ་རྒྱ་མཚོ་གཡོ་བར་བལྟས་ཤིང་། སྒྲ་དེ་ལས་དགའ་བའི་རོ་ཉམས་སུ་མྱོང་ངོ་། །དེའི་ཚེ་སྲིད་པ་གསུམ་གྱི་སྙན་འཇེབས་སྒྲ་དབྱངས་ཐམས་ཅད་འདུས་པ་ལས། འཇོ་སྒེག་མཛེས་སྡུག་གི་ཆ་ཡོངས་སུ་རྫོགས་པའི་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་ལྷ་མོ་འདི་བྱུང་བ་ཡིན། ཞེས་རིག་བྱེད་ཀྱི་གཏམ་རྒྱུད་དུ་གྲགས་ཤིང་། ནང་པའི་ལུགས་ལ་སྤྱན་རས་གཟིགས་ཀྱི་མཆེ་བ་ལས་སྤྲུལ་པར་བཞེད་པ་དང་། འཇམ་པའི་དབྱངས་ཀྱི་ཡུམ་དང་། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཤེས་རབ་མྱུར་བའི་ཡེ་ཤེས་ལྷའི་རྣམ་པར་སྤྲུལ་བ་དང་། རྒྱལ་བའི་ཡུམ་ཆེན་མོའི་འཕྲིན་ལས་ལྷར་ཤར་བ་ཡིན་པར་གསུངས།
Domain ཆོས་ལུགས།
Synonyms དབྱངས་འཇམ་མ། དབྱངས་ལྡན་མ། དབྱངས་ཅན་ལྷ་མོ། དཀར་མོ་ཆེན་མོ། དཀར་མོ། རྒྱ་མཚོའི་ལྷ་མོ། རྒྱ་མཚོའི་བུ་མོ། མཚོ་བྱུང་མ། མཚོ་ལྡན་མ། རྒྱས་བྱེད་མ། རྒྱས་བྱུང་མ། ངག་དབང་ལྷ་མོ། སྒྲ་དབྱངས་ལྷ་མོ། སྨྲ་བའི་ལྷ་མོ། དབྱངས་ཀྱི་རྒྱལ་མོ། ངག་གི་དབང་མོ། ངག་གི་ལྷ་མོ། ངང་བའི་བུ་མོ། དྲི་ཟའི་བུ་མོ། དྲི་ཟའི་ན་ཆུང་། ཏམ་བུ་རའི་ཆུང་མ། རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ། ཚངས་པའི་བུ་མོ། ཚངས་པའི་སྲས་མོ། ཚངས་བྱུང་མ། ཚངས་མ། ཟླ་བའི་སྲིང་མོ། ཟླ་མཛེས་མ། ཤེས་རབ་ལྷ་མོ། བློ་གཏེར་མ། བློ་ཡི་གཏེར། གསེར་མངལ་བུ་མོ།