27871

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབྱངས་དང་བྱིན་རླབས་ཀྱི་ཡི་གེ་བཅུ་བཞི་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གཟུགས་བརྙན་གྱི་ཡི་གེ་འཆད་སྐབས་གཡེང་བ་ལ་སོགས་པ་མཚོན་བྱེད་ཀྱི་དབྱངས་དང་བྱིན་རླབས་ཀྱི་ཡིག་འབྲུ་བཅུ་བཞི་གསུངས་ཏེ། ལྷ་རྣམས་འདུ་བྱེད་གཡེང་བ་མཚོན་བྱེད་ཀྱི་ཡི་གེ་ཨི། ལྷ་མ་ཡིན་གྱི་ང་རྒྱལ་གྱི་རི་བོ་མཚོན་བྱེད་ཀྱི་ཡི་གེ་ལ། མི་རྣམས་འདོད་པས་ཞེན་པ་ལ་ཆོག་ཤེས་མེད་པ་མཚོན་བྱེད་ཀྱི་ཡི་གེ་ཨུ། བྱོལ་སོང་རྣམས་ཀྱི་གཏི་མུག་གི་མུན་པ་མཚོན་བྱེད་ཀྱི་ཡི་གེ་ཨཱུ། ཡི་དྭགས་ཀྱི་འདོད་ཆགས་ཆེ་ཞིང་གདུང་བ་མཚོན་བྱེད་ཀྱི་ཡི་གེ་ཨེ། དམྱལ་བ་རྣམས་ཀྱི་ཞེ་སྡང་གི་མནར་སེམས་པ་མཚོན་བྱེད་ཀྱི་ཡི་གེ་ཨི། འཇིག་པ་མཚོན་བྱེད་ཀྱི་ཡི་གེ་ཨོ། སྟོང་པ་མཚོན་བྱེད་ཀྱི་ཡི་གེ་ཨཽ། ཐ་སྙད་ཐམས་ཅད་མཁའ་དབྱིངས་སུ་ནུབ་པའམ་མི་དམིགས་པར་གཅིག་པའི་དོན་མཚོན་བྱེད་ཀྱི་ཡི་གེ་ཨ། སྒྲ་མཚོན་བྱེད་ཀྱི་ཡི་གེ་ཨོ། ངག་གམ་གསུངས་མཚོན་བྱེད་ཀྱི་ཡི་གེ་ཨྃ། ཐུགས་མཚོན་བྱེད་ཀྱི་ཡི་གེ་ཧཱུྃ། ཡོན་ཏན་མཚོན་བྱེད་ཀྱི་ཡི་གེ་སྭཱ། ཕྲིན་ལས་མཚོན་བྱེད་ཀྱི་ཡི་གེ་ཧཱ་དང་བཅུ་བཞིའོ། །
Domain ཆོས་ལུགས།