27912

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབྱར་ཁང་ནས་སྐྲོད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྐྲོད་པའི་ལྟུང་བྱེད་གཉིས་ཀྱི་གླེང་གཞི་ནི། སྦོམ་དགའ་མོས་གོའུ་ཏ་མ་སྐེམ་མོ་དབྱར་ཁང་ནས་ཕྱིར་བསྐྲད་པ་དང་། སྦོམ་དགའ་མོ་ལྗོངས་རྒྱུ་ཞིང་ཁྱིམ་པའི་ཁྱིམ་དུ་ཞུགས་པ་ན་ཁྱིམ་དེ་ན་དགེ་སློང་མ་སྔ་ན་འཁོད་པ་དག་གིས་སྦོམ་དགའ་མོ་ལ་ཕྱག་བྱ་བ་ལ་སོགས་པ་འཇིག་རྟེན་པའི་ཚུལ་དག་མ་བྱས་པ་དང་། དེས་དེ་དག་ཁྱིམ་དེ་ནས་ཕྱིར་བསྐྲད་པ་ལས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །དགེ་སློང་མས་དགེ་འདུན་མའི་དབྱར་ཁང་ནས་དགེ་སློང་མ་རང་གཞན་གྱི་ལུས་ངག་གང་ཡང་རུང་བས་སྐྲོད་པ་ལ་ཉེ་འཁོར་ལས་འདས་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་མས་དགེ་སློང་མ་གཞན་དབྱར་ཁང་ནས་སྐྲོད་པ་ནི། སྐྲོད་པ་ལས་གྱུར་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།