27915
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དུས་ཚོད་གང་འདྲ་ཞིག་གི་སྐབས་སུ་དབྱར་ཁས་ལེན་པ་ཞེས་པ་དང་དོན་གཅིག དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་དུས་ནམ་གྱི་ཚེ་ཁས་བླང་བ་ཡོད་དེ། དབྱར་སྔ་མ་ཡིན་ན་དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་གྱི་སྟེ་དབྱར་ཟླ་ཐ་ཆུང་ངམ། གྲོཞུ་ན་ཟླ་བའི་མར་ངོའི་ཚེས་གཅིག་ལ་ཁས་ལེན་ཅིང་། དབྱར་ཕྱི་མ་ཡིན་ན་དབྱར་ཟླ་ཐ་ཆུང་ཉའི་ཕྱི་དེ་ཉིད་ཏེ་སྟོན་ཟླ་ར་བའམ་ཁྲུམས་སྟོད་ཟླ་བའི་མར་ངོའི་ཚེས་གཅིག་ལ་བླང་བ་ཡིན་པའི་ཕྱིར་ཏེ། མེ་ཏོག་འཕྲེང་རྒྱུད་ལས། གྲོ་ཞུན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་བཞིན་ཁྲུམས་སྟོད་ཟླ་བ་ཡི། །ཚེས་གཅིག་ཅེས་ནི་ཕྱིར་མར་གྲགས། །ཞེས་གསུངས། འདིའི་རྒྱ་དཔེར་ཚེས་གཅིག་ལའོ། །ཞེས་པའི་སྐད་དོད་ཡོད་ཀྱང་། ཚེས་བཅུ་དྲུག་ལའོ་ཞེས་འབྱུང་བ་ནི། ལོ་ཙྪ་བའི་འགྱུར་ཁྱད་ཙམ་མོ་ཞེས་གོང་དུ་བརྗོད་པ་ལྟར་རོ། །དེ་གཉིས་ལས་དུས་གཞན་དུ་ཁས་བླངས་ཀྱང་མི་ཆགས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |