27916
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཆོས་ལྔ་ལྡན་ལས། ཆོས་འདི་པའི་རབ་བྱུང་ཡིན་པ་སྟེ། སྡེ་ལྔ་ཆར་གྱིས་ཀྱང་གནས་པར་ཁས་བླངས་ཞེས་པ་དང་། སྡོམ་པ་བླངས་ཀྱང་མ་སྐྱེས་པ་སྡེ་ལྔའི་སྡོམ་པ་གང་དང་ཡང་མི་ལྡན་ཡང་། རབ་ཏུ་བྱུང་བ་བར་མིའི་དགེ་བ་དང་ལྡན་པས་ཀྱང་། དབྱར་གནས་པ་ཁས་བླང་དགོས་ཏེ། སྡོམ་པ་མ་སྐྱེས་པ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སུ་འགྱུར་བས་དེ་དགག་དགོས་པའི་ཕྱིར་རོ། །མཁན་པོས་རབ་ཏུ་ཕྱུང་ཟིན་ཡང་སློབ་དཔོན་གྱིས་དགེ་ཚུལ་གྱི་སྡོམ་པ་མ་ཕོོག་པར་ཡུན་རིིིང་དུ་གནས་པ་སྲིད་དེ་དེས་ཀྱང་དབྱར་གནས་པར་ཁས་བླང་བར་རིགས་སོ། །དབྱར་གནས་པའི་མཐུན་རྐྱེན་དང་ལྡན་པ་སྟེ། བསོད་སྙོམས་དང་སྨན་སྦྱོར་པར་བྱེད་པ་ལ་རྣམ་པར་བལྟས་ཏེ་ཞེས་གསུངས་པ་དང་། གཞན་དུ་ན་གནས་པར་མི་ནུས་པའི་ཕྱིར་རོ། །ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། གནས་ནས་མ་ཕྱུང་བ་སྟེ། གཞན་དུ་ན་དབྱར་གནས་པར་ཁས་ལེན་པའི་ཆོ་གའི་རྟེན་མ་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། དགེ་སློང་ཕ་མ་སོགས་རབ་བྱུང་སྡེ་ལྔ་ཆར་གྱི་ཁས་ལེན་པ། དགེ་ཚུལ་དག་འབའ་ཞིག་འཚོགས་པས་ནི་བཞི་ཡན་གྱི་ཚོགས་སུ་ལོངས་ཀྱང་ཁས་ལེན་དུ་མི་རུང། དེར་མ་ཟད་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པའི་དགེ་སློང་འབའ་ཞིག་ཚོགས་པས་ཀྱང་ཁས་ལེན་དུ་མི་རུང་སྟེ་གང་ཟག་རང་དབང་ཅན་མ་ཡིན་པས་སོ། །འོན་ཀྱང་དགེ་སློང་དེ་དག་གིས་ཆོ་ག་བྱས་ན་ལས་མི་ཆགས་པ་ནི་མ་ཡིན་ཏེ། ཚིག་ལེར། དགེ་སློང་དགེ་སློང་མ་ལ་སོགས། །ལྔ་པོ་རྣམས་ལ་སྟོན་པ་ཡིས། །དབྱར་གནས་པ་དང་དེ་ཡི་མཐར། །དགག་དབྱེ་རྗེས་སུ་གནང་བ་ཡིན། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། |
| Domain | ཆོས་ལུགས། |