27928
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོ་འཁོར་དང་བཅས་པ་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་འགྲོ་བ་ལས་སོ། །དགག་བྱ་ནི་དབྱར་འདྲལ་བའི་རྒྱུར་འགྱུར་བའོ། །དབྱར་གྱི་ནང་དུ་ཡུལ་ལྟ་བའི་ཕྱིར་ལྗོངས་རྒྱུ་ཞིང་རྒྱང་གྲགས་ཀྱི་མཐའ་ལས་འདས་པར་འགྲོ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དབྱར་གནས་པའི་ནང་དུ་ཡུལ་ལྟ་བའི་ཕྱིར་ལྗོངས་རྒྱུ་ཞིང་འགྲོ་བ་ནི། འགྲོ་བ་ལས་གྱུར་པའི་ལྟུང་བྱེད་དོ། །ཅེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |