27929
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། དབྱར་གནས་པའི་བརྒྱུད་པའི་ཕན་ཐོགས་ཞེས་པ་དང་འདྲ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་གྲུབ་སྟེ། གཞན་མ་དད་པ་སྤོང་བ་དང་། ལུས་སྲོག་ལ་གནོད་པ་སྤོང་བ་དང་། དོན་དང་བྱ་བ་ཉུང་བ་དང་། གནས་གྲུམ་པ་འཆོས་པ་དང་། དགག་དབྱེ་འབྱུང་བ་དང་། སྲ་བརྐྱང་གདིང་བ་འབྱུང་བ་སོགས་ཀྱི་དགོས་པ་ཡོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |