27933
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གཞི་བཅུ་བདུན་གྱི་ནང་ཚན་དང་གཞི་གསུམ་གྱི་ནང་ཚན་ཞིག ། དབྱར་ཟླ་བ་གསུམ་གྱི་རིང་དུ་དགེ་འདུན་རྣམས་སྲོག་ཆགས་ལ་གནོད་པ་དང་གཞན་གྱིས་མ་དད་པ་སྤངས་པ་དང་བསླབ་གསུམ་གྱི་ཉམས་བཞེས་འཕེལ་བའི་ཆེད་དུ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ལ་བརྩོན་ཞིང་མཚམས་ནང་དུ་བདེ་བར་གནས་པ་ཞིག་ལ་ཟེར། དེ་ཉིད་མདོ་ལས་འཆད་ཚུལ་སོགས་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་ལྟར་གསོ་སྦྱོང་གི་གཞི་བཤད་ནས། དབྱར་གྱི་གཞི་འཆད་པ་ལ། དབྱར་གནས་པར་ཁས་བླང་བར་བྱའོ། །ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་གྱིའོ། །དབྱར་ཟླ་ཐ་ཆུང་ཉའི་འོ་ཞེས་སོགས་ཀྱི་མདོ་གསུངས། མདོ་དོན་བཤད་དུ་ཡོད་དེ། དགོས་དོན་དང་། བསྡུས་དོན་གཉིས་སུ་ཡོད་པའི་ཕྱིར། ཞེས་གསུངས། དབྱར་གནས་གང་དུ་ཁས་ལེན་ན། དབྱར་གནས་པའི་ཆ་རྐྱེན་ཚང་བའི་གནས་ཤིག་ལ་དབྱར་ཁས་བླངས། ཡུལ་གང་འདྲ་ཞིག་གི་མདུན་ནས་དབྱར་ཁས་ལེན་པ་ཞེས་པ་དང་དོན་འདྲ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་ཡུལ་གང་གི་མདུན་དུ་ཁས་བླང་བ་ཡོད་དེ། དགེ་སློང་གི་མདུན་དུ་ཁས་ལེན་པ་སྔར་བཤད་པ་ལྟར་ཡིན་པའི་ཕྱིར། ཞེས་གསུངས། ཆོ་ག་གང་གིས་ཁས་བླང་བ་ཡོད་དེ། སྦྱོར་བ་དང་། དངོས་གཞི་དང་། མཇུག་གསུམ་གྱི་སྒོ་ནས་བླང་བར་བྱ་བ་ཡིན་པའི་ཕྱིར། དང་པོ་ཡོད་དེ། རིང་སྦྱོར་གྱི་དབང་དུ་བྱས་ན། མདོར། ཞག་བཅུ་འམ་ཟླ་བ་ཕྱེད་ཀྱིས་འབྱུང་བར་འགྱུར་བ་ཉིད་ན་གཙུག་ལག་ཁང་བྱི་དོར་བྱའོ་ཞེས་འབྱུང་བ་ལྟར་དང་། ཉེ་སྦྱོར་གྱི་དབང་དུ་བྱས་ན་ཉི་མ་སྔ་མ་ཚེས་བཅོ་ལྔའི་དུས་སུ་གནས་མལ་དང་། གང་ཟག་སྟ་གོན་བྱ་བ་དང་། ཚུལ་ཤིང་གི་བམ་པོ་རྒན་པའི་མཐའ་ལོགས་སུ་བཞག་སྟེ་ཁྲིམས་སུ་བཅའ་བ་བརྗོད་པ། གཞན་གྱི་གསོལ་བ་འབའ་ཞིག་པའི་ལས་བྱས་ཏེ། ཚུལ་ཤིང་འབྲིམ་པའི་སྐབས་ཀྱི་བྱ་བ་སྒྲུབ་པ། དགེ་འདུན་ལ་གནས་ཁང་དང་མལ་ཆ་སྟོབས་པ། དགེ་འདུན་ལ་སང་ནངས་པར་དབྱར་ཞལ་གྱི་བཞེས་པར་འགྱུར་བ་གོ་བར་བྱེད་པ་རྣམས་ཡོད་པའི་ཕྱིར། ཉེ་སྦྱོར་ལྔ་པོ་མདོ་ལས་གསུངས་པའི་ཚུལ་ཡོད་དེ། དང་པོ་འཆད་པ་ལ། ཉི་མ་སྔ་མ་ལ་གནས་མལ་བསྡོག་གོ ། ཁྲིའུ་དང་ཆོལ་ཟངས་ཡན་ཆད་དོ། །དེ་སྟོབས་པ་བསྐོ་བར་བྱའོ། །མི་ནུས་ན་དུ་མའོ་ཞེས་དང་། གཉིས་པ་འཆད་པ་ལ། ཚུལ་ཤིང་གཟེབ་ཀྱི་སྤྲོག་མར་རས་དཀར་པོ་བཏིང་བས་དཀྲིས་པ་དག་རྒན་རིམས་སུ་བཞག་ནས་ཚེ་དང་ལྡན་པ་དག་གནས་འདི་ན་ཞེས་སོགས་དང་། གསུམ་པ་འཆད་པ་ལ། གཞན་གྱིས་བླང་དང་ཁས་བླང་བའི་ཕྱིར་དགེ་འདུན་ལ་གསོལ་བ་བྱའོ་ཞེས་དང་། བཞི་པ་འཆད་པ་ལ། གནས་ཀྱི་གཞི་བསྟབ་པར་བྱའོ་ཞེས་སོགས་དང་། ཐམས་ཅད་ཡོངས་སུ་སྤྱད་པར་བྱའོ་ཞེས་སོགས་ཀྱིས་བསྟན་ཅིང་། དེ་ཡང་དང་པོས་གནས་ཁང་སྟོབས་པ་དང་། གཉིས་པས་མལ་ཆ་སྟོབས་པ་བསྟན་པ་དང་། ལྔ་པ་ནི། དགེ་འདུན་སང་སྦྱིན་བདག་ཆེ་གེ་མོ་དང་ཞལ་ཏ་པ་ཆེ་གེ་མོ་དང་སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་ཞེས་སོགས་ཀྱིས་འཆད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |