27936
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་དབྱར་གྱི་གོས་རས་ཆེན་ཧ་ཅང་མྱུར་བ་འཚོལ་བ་དང་། ཧ་ཅང་ཡུན་རིང་དུ་བཅང་བ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་བཙལ་སྔས་ཀྱི་དགག་བྱ་འདོད་པ་ཆེ་བ་དང་། སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པ་ཡིན་ལ། བཞག་འཕྱིས་ཀྱི་དགག་བྱ་ནི་འདོད་པ་ཆེ་བ་དང་རང་གི་ཡོ་བྱད་ཆུད་ཟོས་པ་སྟེ། རས་ཆེན་སྦེད་པ་པོ་ལ་གཏད་ན་ལྟུང་བ་མེད་པར་གསུངས་པས་ཤེས་སོ། ། བཙལ་སྔས་པའི་ལྟུང་བའི་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དབྱར་གྱི་རས་ཆེན་བཙལ་བའི་དུས་ཀྱི་སྔ་རོལ་ཏུ་བླངས་ཏེ། ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། ། རས་ཆེན་བཞག་འཕྱིས་པའི་ལྟུང་བའི་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དབྱར་ཟླ་གསུམ་པའི་དགག་དབྱེའི་དུས་ལས་ཟླ་བ་ཕྱེད་འདས་པར་དབྱར་གྱི་རས་ཆེན་འཆང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་གིས་དབྱར་གྱི་གོས་རས་ཆེན་དུས་མ་ཡིན་པར་བཙལ་བ་དང། དུས་ལས་ལྷག་པར་བཅངས་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། སྔོན་དང་ཕྱི་མ་གཉིས་ལས་དེ་མ་ཡིན་པའི་དུས་གཉིས་ནི་བྱེད་པ་པོ་ཉིད་དོ། །གཞན་དུ་འཆང་བ་ལའོ། །སྔར་བཙལ་བ་ལ་ནི་ཉེས་བྱས་ཀྱིའོ། །གྲུབ་ན་མཐའི་འོ། །ཞེས་དང། འཚོལ་བའི་དུས་ནི་དབྱར་ཁས་ལེན་གྱི་སྔ་རོལ་གྱི་ཟླ་བ་གཅིག་ནས་བཙལ། འཆང་བའི་དུས་ནི་བཙལ་བ་ནས་བཟུང་དགག་དབྱེ་བྱས་ནས་ཀྱང་ཟླ་བ་ཕྱེད་ཚུད་ཆད་དེ་ཟླ་བ་ཕྱེད་དང་ལྔའི་བར་དུ་རས་ཆེན་འཆང་དུ་རུང། དེ་ལས་གཞན་དུ་འཚོལ་སྔས་པ་དང། བཞག་ཕྱིས་པ་གཉིས་ཀ་ལ་སྤང་ལྟུང་རེ་རེ་བསྐྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |