27938
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དམ་བཅའ་དང་གནས་སུ་འབྲེལ་བར་བྱ་བ་དང་། དབྱར་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱ་བ་དང་། ཚུལ་ནང་དུ་ཐོས་བསམ་ལ་སོགས་ལ་བརྩོན་པར་བྱ་བ་དང་། གནས་རལ་བ་དང་འདྲུམ་པ་བཅོས་པར་བྱ་བ་དང་། གནས་དེར་ཡུན་ནི་རིང་དུ་གནས་པར་བྱ་བ་དང་། དབྱར་གྱི་ཚུལ་འདྲལ་བ་སྤང་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩ་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཟླ་བ་ཕྱེད་ཕྱེད་ཅིང་ཁྲིམས་སུ་བཅས་པ་དག་དང་འགལ་མ་འགལ་སོ་སོར་བརྟག་པར་བྱས་ལ། འགལ་ན་དགེ་ཚུལ་སོགས་གནས་པའི་འགལ་བ་ནི་དེའི་མཁན་པོའམ། སློབ་དཔོན་ལ་བརྗོད། དགེ་སློང་གཞན་གྱིས་འགལ་ན་དགེ་འདུན་སྤྱི་ལ་བརྗོད་དེ། དེ་དང་དེའི་གནས་མལ་འཕྲོག་པར་བྱའོ། །དབྱར་གནས་པ་སུས་ཀྱང་བྱིན་གྱིས་མ་བརླབ་པར་མཚམས་ནང་དེའི་ཕྱི་རོལ་དུ་ཞག་ཏུ་གནས་ནས་ཕྱི་མའི་སྐྱ་རེངས་ཤར་ན་དབྱར་རལ་བར་འགྱུར་བས་ཕྱི་རོལ་དུ་ཞག་ཏུ་གནས་པར་མི་བྱ་སྟེ། ཇི་སྐད་དུ། བྱིན་གྱིས་མ་བརླབ་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་མི་བྱའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |