27939
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དབྱར་གནས་པའི་སྐབས་སུ་ངེས་པར་དུ་སྲུང་དགོས་པའི་དམ་ཚིག་དྲུག་ཡོད་པ་སྟེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་ལྟར་དབྱར་ཁས་བླངས་ནས་བསྲུང་བར་བྱ་བའི་དམ་ཚིག་དེ་ལ་དྲུག་ཡོད་དེ། དམ་བཅས་པའི་གནས་སུ་འབྲེལ་དགོས་པ་དང་། དབྱར་ནང་དུ་འཁྲུག་ལོང་མི་བསྐྱེད་པ་དང་། ཐོས་བསམ་སྒོམ་གསུམ་ལ་འབད་པ་དང་། གནས་རལ་བ་དང་གྲུམས་པ་འཆོས་བ་དང་། ཡུན་རིང་དུ་གནས་པར་བྱ་བ་དང་། དབྱར་རལ་བ་སྤང་བ་རྣམས་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |