From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དབྱར་གྱི་རྒྱལ་མོ་ (1)
| Part of speech
|
མིང་ཚིག
|
| Definition
|
དབྱར་ཁའི་དུས་ཚིགས་ལ་བསྟོད་པའི་འབོད་མིང་ཞིག །
|
དབྱར་གྱི་རྒྱལ་མོ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཡེ་གཤེན་རྒྱུད། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་སྟེ། དྲི་མེད་ལྷ་ལྔ་ཡབ་ཡུམ་ལས་དུས་བཞིའི་རྒྱལ་མོ་བཞིའི་ནང་གསེས་ཡིན་ལ། གནས་ནི། དཀྱིལ་འཁོར་ལྷོ་ཤར་ཕོ་བྲང་གླིང་ཆེན་གྱི་ནུབ་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་མེ་ཏོག་ཨུཏྤལ་ཅན། སྐུ་ལ་སྤྲིན་དཀར་ན་བཟའ་ལ་མེ་ཏོག་མཛེས་པས་བརྒྱན་པ། གཡས་པས་སྤྲིན་གྱི་བ་དན་དང་གཡོན་པས་བདུད་རྩིའི་བུམ་པ་བསྣམས་པ་ཞིག་གོ ། ཕྲིན་ལས་ནི། ཐུགས་རྗེའི་ཐབས་ཀྱིས་སྐྱེ་རྒུའི་ཚེ་སྲོག་གསོ་ཞིང་རྩི་ཤིང་སྐྱེད་པར་མཛད་པའོ། ། ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷམ་མེ་འདུ་འདུ་ད། ཞེས་པའམ་ད་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷམ་མེ་ནི་དུས་བཞིའི་བཅུད་ལ་དབང་བསྒྱུར་བ། ད་ཡིག་ནི་ལྷ་མོ་འདི་ཉིད་མཚོན་པའོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །འདིའི་དོན་ལ་གྲོལ་འཁྲུལ་གྱི་དགེ་སྐྱོན་ནི། རྟོགས་ན་བོན་ཉིད་བ་གའི་དབྱིངས་སུ་དག་ལ། མ་རྟོགས་ན་ཁམས་གསུམ་འཁོར་བར་འཁྲུལ་ལོ། །གྲོལ་ན་སྲིད་པའི་རྒྱལ་མོ་ཉིད་ལ། མ་གྲོལ་ན་སྐྱེ་འགྲོའི་སྡུག་བསྔལ་ཤར་བར་གསུངས་སོ། །དེ་ཡང་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། ། འདི་ལ་གཞུང་རྣམས་སུ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསུངས་པ་མཐུན་ཡང་ཡབ་ཡུམ་སྦྱོར་ཚུལ་དང་སྐུ་དང་ས་བོན་བསྐྱེད་གནས་ལ་མ་མཐུན་པ་འདུག་པས། ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་ལྟར་ན། བ་རབ་གླིང་བཞིའི་ཕྱག་རྒྱའི་ཡུམ་ཡིན་པར་བཤད་ལ། ཐོས་གྲོལ་ལས། ཡེ་གཤེན་སེམས་དཔའ་ཞི་དལ་ཀུན་སྙོམས་ཀྱི་ཕྱག་རྒྱའི་ཡུམ་ཡིན་པར་བཞེད་དོ། །སྐུ་དང་ཡིག་འབྲུའི་བསྐྱེད་གནས་ལ་ཡང། གསང་འདུས་ལྟར་ན། ལུས་ཀྱི་ཤ་ལ་བསྐྱེད་ཅིང་གནས་པར་གསུངས་ལ། ཐོས་གྲོལ་ལྟར་ན་ལོང་བུའི་རྩ་ལ་གནས་པར་གསུངས་སོ། །
|
| Domain
|
ཆོས་ལུགས།
|