27959
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དངོས་སུ་དབྱར་ཁས་ལེན་ལ་འཇུག་པའི་བྱ་བ་ཞིག དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་དངོས་གཞི་ཡོད་དེ། བོད་ཟླ་དྲུག་པའམ་བདུན་པའི་མར་ངོའི་ཚེས་གཅིག་གི་ནངས་པར་ཡུལ་དགེ་སློང་བསླབ་པ་རྒན་ན་ཕྱག་འཚལ་བ་སོགས་ཀྱི་སྤྱོད་ལམ་བསྟེན་ནས་བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཞེས་སོགས་སྔགས་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་བླང་བར་བྱ་བ་ཡིན་པའི་ཕྱིར། མཇུག་ཡོད་དེ། ཐབས་ལེགས་བརྗོད་པ་དེ་ཡིན་པའི་ཕྱིར། དེ་ལྟར་དབྱར་ཁས་བླངས་ནས་བསྲུང་བར་བྱ་བའི་དམ་ཚིག་དེ་ལ་དྲུག་ཡོད་དེ། དམ་བཅས་པའི་གནས་སུ་འབྲེལ་དགོས་པ་དང་། དབྱར་ནང་དུ་འཁྲུག་ལོང་མི་བསྐྱེད་པ་དང་། ཐོས་བསམ་སྒོམ་གསུམ་ལ་འབད་པ་དང་། གནས་རལ་བ་དང་གྲུམས་པ་འཆོས་བ་དང་། ཡུན་རིང་དུ་གནས་པར་བྱ་བ་དང་། དབྱར་རལ་བ་སྤང་བ་རྣམས་ཡིན་པའི་ཕྱིར། དབྱར་རལ་སྤང་ཚུལ་ཡོད་དེ། མདོར། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་མི་བྱའོ་ཞེས་གསུངས་པ་ཉིད་ཀྱིས་དབྱར་བྱིན་གྱིས་བརླབས་པའི་སྒོ་ནས་རལ་བ་སྤང་བ་ཡིན་པའི་ཕྱིར། མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བའི་བྱ་བ་དེ་ཡང་ཆོས་དང་ལྡན་པ་གཅིག་དགོས་ལ། ཡུན་ཇི་ཙམ་དུ་བྱིན་གྱིས་བརླབས་པ་ནི། མདོར། འདི་ལ་མཐར་ཐུག་པའི་མཐའ་ནི་ཞག་བདུན་ཉིད་དོ། །གནང་བ་མ་ཐོབ་པའི་མཐའ་དེ་ཡིན་ནོ། །གཞན་གྱི་ནི་ཞག་བཞི་བཅུའོ་ཞེས་གསུངས་པས་བསྟན་ཏེ། གནང་བ་མ་ཐོབ་ན་ཞག་བདུན། ཐོབ་ན་ཞག་བཞི་བཅུར་བྱིན་གྱིས་བརླབས་རུང་བར་བསྟན་པའི་ཕྱིར། ཆོས་ལྡན་གྱི་དོན་དུ་མཚམས་ཀྱི་ཕྱི་རོལ་ཏུ་ཕྱིན་པའི་ཉི་མ་དེ་ཉིད་ལ་མཚམས་ནང་དུ་འོངས་ཀྱང་བྱིན་གྱིས་བརླབས་དགོས་པར་བཤད་དོ། །ཞེས་གསུངས། |
| Domain | ཆོས་ལུགས། |