27994
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གང་ཟག་གང་འདྲ་ཞིག་གིས་དབྱར་ཁས་ལེན་པ་ཞེས་པ་དང་དོན་འདྲ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་རྟེན་གང་གིས་ཁས་བླང་བ་ཡོད་དེ། མདོར། སྡེ་པ་ལྔ་ཆར་གྱིས་ཀྱང་གནས་པར་ཁས་བླང་བར་བྱ་བ་ཉིན་ཡིན་ནོ་ཞེས་འབྱུང་བ་ཉིད་ཀྱིས་སྤྱིར་ཆོས་འདི་པའི་རབ་བྱུང་སྡེ་ལྔ་ཆར་དང་། སྡོམ་པ་བླངས་ཀྱང་མ་ཆགས་པའི་རབ་བྱུང་རྣམས་ཀྱིས་ཀྱང་ཁས་ལེན་དགོས་པ་དང་། ཁྱད་པར་དབྱར་ཁས་ལེན་པའི་མཐུན་རྐྱེན་དང་ལྡན་པ། ཤེས་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། གནས་ནས་ཕྱུང་བ་མ་ཡིན་པ་ཞིག་དགོས་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |