27995
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་འབུའི་སྒོ་ངའི་རྒྱུ་ལས་སྐྱེས་པའི་ཤ་མོའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཕྲ་ལ་ཐུང་བ། ཕྱི་པགས་དུད་མདོག་གམ་རྫ་མདོག་གིས་བཏུམ་པའི་ཕྱི་སེར་སྐྱ་ཤ་མདོག་འདྲ་བ་དང༌། ནང་དཀར་པོ་ཤ་རྒྱུ་ཅན་རིང་ཚད་སོར་ལྔ་ཙམ་ཡོད་པར་མགོ་དང་མིག་རྐང་ལ་སོགས་འབུ་གཟུགས་དངོས་སུ་དོད་པར་ཕྲེད་དེ་གཉེར་མ་ཕྲ་ལ་ཞིབ་པ་མང་པོ་ཡོད་ཅིང༌། ལྟོ་བར་རྐང་གཟུགས་ཆ་བརྒྱད་ཙམ་ཡོད་པ་ནས་དཀྱིལ་གྱི་ཆ་བཞི་མངོན་གསལ་དོད་པོ་ཡོད་ལ་སྨད་ཆ་ཕྲ་ལ་སྟོད་ཅུང་ཟད་རྣོ་བ་འདྲོང་པོར་སྐྱེས་པ། བོད་ཟླ་དྲུག་པ་ཙམ་ནས་ས་འོག་གི་འབུ་གཟུགས་དེ་རང་བཞིན་གྱིས་རུལ་ཏེ་སྟོན་གཞུག་གི་གོ་སྙོད་འདྲ་བར་སྟོང་པར་འགྲོ་ཞིང༌། བོད་ཀྱི་ས་ཁུལ་མང་ཆེ་བར་རི་མཐོའི་སྤང་དང་རྩྭ་གསེབ་ཏུ་སྐྱེ་བ་ཡིན། བོད་ཟླ་ལྔ་པ་ནས་དྲུག་པའི་བར་བཏུས་ཏེ་ཕྱི་པགས་རྫ་མདོག་དེ་མེད་པར་བཟོས་ནས་ཚ་གྲང་སྙོམས་པའི་སར་བསྐམས་ནས་སྤྱོད་རྒྱུ། རོ་མངར་ཞིང་ཅུང་ཟད་ལན་ཚྭ་བ། ཞུ་རྗེས་མངར་བ། ནུས་པ་སྣུམ་ལ་དྲོ་ཞིང་འཇམ་པས་ལུས་ཀྱི་སྟོབས་དང་ཁུ་བ་ཉམས་པ་གསོ་བ་དང༌། མཁལ་མའི་དྲོད་དང་མཁལ་སྟོབས་སྐྱེ་བར་བྱེད་པ། རླུང་ཁ་འཇོམས་ཤིང་མཁྲིས་ནད་སེལ་བ་སོགས་ཕན་ནུས་ཁྱད་འཕགས་ལྡན་པ་ཞིག་ཡིན། |
| Keyword | True |