28103

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:55, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབྱུག་པ་ཅན་ (1)
Part of speech མིང་ཚིག
Definition སློབ་དཔོན་དབྱུག་པ་ཅན་དོན་གཅིག་པས་དེར་གཟིགས།
དབྱུག་པ་ཅན་ (2)
Part of speech མིང་ཚིག
Definition སློབ་དཔོན་རྟ་དབྱངས་ཀྱི་མཚན་གྱི་རྣམ་གྲངས།
དབྱུག་པ་ཅན་ (3)
Part of speech མིང་ཚིག
Definition སྔོན་གྱི་བྲམ་ཟེ་ཞིག་གི་མིང་སྟེ། འདི་ནི་སྔར་རྒྱ་གར་དུ་སངས་རྒྱས་མ་བྱོན་གོང་གི་གནས་ཚུལ་ཞིག་སྟེ་བྲམ་ཟེ་དབྱུག་པ་ཅན་ལ་ཉིན་གཅིག་གི་ནང་ལས་འཛོལ་ཆེན་པོ་དགུ་བྱུང་བ་དང༌། དོ་བདག་ཁག་དགུས་ཁོ་བཟུང་ནས་རྒྱལ་པོའི་མདུན་དུ་འཁྲིད་དེ་ཁོ་ལ་ཁྲིམས་གཅོད་གནང་རོགས་ཞུས་སྐབས་རྒྱལ་པོས་ཞུ་གཏུགས་བྱེད་མཁན་དང་ལས་འཛོལ་བྱུང་མཁན་དབྱུག་པ་ཅན་གཉིས་ཀར་ཕན་ཚུན་ཞུ་བ་བླངས་རྗེས་ཁྲིམས་ཐག་གཅོད་སྐབས་དོ་བདག་ཕན་ཚུན་གཉིས་ཀར་ཉེས་པ་ཡོད་པ་འདྲ་བས་དབྱུག་པ་ཅན་ལ་ཉེས་ཁྲིམས་ལྕི་བ་གཅོད་རྒྱུ་དང་དོ་བདག་སོ་སོར་ཡང་ཉེས་ཁྲིམས་སྣ་རེ་འཁུར་དགོས་པར་ཐག་བཅད་པར་བརྟེན་དོ་བདག་རྣམས་ཀྱིས་རང་རང་གིས་ཉེས་པ་ངོས་བླངས་ཐོག་དབྱུག་པ་ཅན་དང་བཅས་པའི་མི་ཚང་མ་ཉེས་མེད་གུ་ཡངས་ཀྱི་ཐག་གཅོད་ཡོང་བ་ཞུས་པས་ཁྲིམས་ལུགས་ལ་གྲུབ་འབྲས་བཟང་པོ་ཐོབ་པ་རེད་ཅེས་པའི་གཏམ་རྒྱུད་མཛད་བརྒྱ་དཔག་བསམ་འཁྲི་ཤིང་ནང་གསལ།
དབྱུག་པ་ཅན་ (4)
Part of speech མིང་ཚིག
Definition ཉི་མའི་འཁོར་གྱི་མིང་སྟེ། ཉི་མའི་གཡོན་ལོགས་ན་བརྒྱ་བྱིན་དབྱུག་པའི་རྣམ་པ་ཅན་ཡོད་པས་སོ། །
Type མངོན་བརྗོད།
དབྱུག་པ་ཅན་ (5)
Part of speech མིང་ཚིག
Definition གཤིན་རྗེའི་རྒྱལ་པོའི་མིང་སྟེ། དབྱུག་པ་ནག་པོ་དགེ་སྡིག་གི་གྲངས་ཡིག་ཅན་འཛིན་པས་ནའོ། །