28116

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:55, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དབྱུང་བ་ཕྱིར་བཅོས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དབྱུང་བ་བྱས་པའི་དགོས་པ་ནི། ལྷག་མའི་ལྟུང་བ་དག་པར་འགྱུར་བའོ། །བསྡུས་པའི་དོན་ལ་བཞི་ལས། ཡུལ་གང་ལ་དབྱུང་བ་བྱ་བ་ནི། ཆོས་བཅུ་ལྡན་ཏེ་ཐུན་མོང་བ་བརྒྱད་ནི་ལས་གཞིའི་སྐབས་སུ་སྨོས་ལ། གང་ཟག་ཁྱད་པར་ཅན་མ་ཡིན་པ་དང་། མགུ་བ་སྤྱད་པ་དང་ལྡན་པའོ། །རྟེན་གང་གིས་དབྱུང་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་ཏེ། ཉི་ཤུའམ་བཞི་བཅུའི་གྲངས་ཚང་བ་དང་། ཁ་སྐོང་བར་འོས་པ་དང་། མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ་དང་། ལས་བྱེད་པ་པོ་དང་བཅས་པའོ། །ལྟུང་བ་གང་དག་པའི་དོན་དུ་དབྱུང་བ་ནི་དགེ་འདུན་ལྷག་མའི་ལྟུང་བ་ཆོས་གསུམ་ལྡན་སྔར་སྤོ་བ་སྦྱིན་ཡུལ་ལ་བཤད་པ་དང་འདྲ་ཞིང་། འཆབ་པ་མི་ལྡན་པ་སྟེ་བཞིའོ། །ཆོ་ག་གང་གིས་དབྱུང་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་སྔར་སྤོ་བ་ནོད་པའི་སྐབས་སུ་བསྟན་པ་དང་འདྲའོ། །དངོས་གཞི་ནི་གསོལ་བཞིའི་ལས་ཀྱིས་ཏེ། གསོལ་བ་དང་ལས་བརྗོད་པ་དང་པོའི་བར་དུ་བསྡིགས་པ་ཡང་བྱའོ། །མཇུག་ནི་ལས་ཀྱི་མཇུག་སྡུད་བརྗོད་པ་དང་གཟེངས་བསྟོད་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས།
Domain ཆོས་ལུགས།

{{#arraymap:དབྱུང་བ་ཕྱིར་བཅོས་

|; |@@@ | | }}